| e-texts navigator |
| Wylie |
190a1 མཆོག་རྣམས་དང་།། རང་ལ་མཛེས་པར་བརྒྱན་པའི།། ལྷ་དང་ལྷ་མོ་རྡལ་རྙེད་ཀྱིས།། ག་བྲོ་གར་ལ་སོགས་བསམ
190a2 ཡས་ཀྱིས།། ཕྱོགས་བཅུ་ན་མཁའི་མཐའ་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ།། སྐལ་ལྡན་གསལ་བའི་ཁྱད་པར་གྱིས།། རིམས་ཀྱི་ཡང་ན
190a3 ཅིག་ཆར་དུ།། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་།། མཆོད་པའི་ཕྱག་བརྒྱ་ཆེན་པོར་བསྒོམས།། གསལ་ལྡན་མ་འམ་བྱིན་བརླབས་ལ།། སྟོང་གསུམ་ཡུངས
190a4 འབྲུ་འཇུག་ཚུལ་ཏུ།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད།། མཉེས་ནས་གྲུབ་པའི་དམ་ཚིག་མཆོག། བདག་ཉིད་ཆེན་པོ་མཆོད་པ་ཡིས།། སངས་རྒྱས
190a5 དཀྱིལ་འཁོར་མ་ལུས་མཉེས།། སིད་གསུམ་འགྲོ་བ་ཐམས་ཅད་ལ།། དགའ་བ་ཆེན་པོས་ཁྱབ་པར་གྱུར།། སྒྲ་འཕྲུལ་དྲ་བ་ལྡན་པ་ཡིས།། ཕྱོགས་བཅུ་དུས་བཞིར
190a6 གཤེགས་པ་ཡིས།། སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།། ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར།། ལུས་ངག་སེམས་དང་ཆོས་ཐམས་ཅད།། གང་ན་འང