| e-texts navigator |
| Wylie |
179b1 འཁོར་བཞི་བཅུ་གཉིས།། དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས།། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། །
179b2 བདུད་རྩིར་འགྱུར་ཞིང་འབྱུང་བ་དང་།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་།། ལོངས་སྤྱོད་འབྱང་ཞིང་ངན་སོང་སྤོང་།། ཅི་ཡང་གཞན་དུ་འགྱུར་བས་འགྲུབ།།
179b3 ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་།། འབར་ནས་མེ་ཡང་ཚིག་པ་དང་།། ཆུར་འགྱུར་འབབ་པ་ནི་ཡང་དེ་བཞིན་ཏེ།། འཇིག་རྟེན་ནི་འཐོར་བ་དང་།། ཐམས་ཅད་སྟོང་ཞིང་ལྷུང
179b4 བར་འགྱུར།། དགུག་དང་བཏང་དང་ཅིང་དང་གྲོལ།། གོས་དང་གསད་དང་ཕམ་དང་རྒྱལ།། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར།། དེ་ཉིད་ཡེ་ཤེས་རང་སྣང་བའོ།། །
179b5 མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས།། མུན་ལ་སྣང་བྱང་ཇི་བཞིན་དུ།། འགྱུར་བས་གསེར་འགྱུར་སྨན་གྱི་ཚུལ།། སྟོན་པ་མཆོད་བརྩོན་རྟོགས་པ་གསལ།
179b6 དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས།། མ་ཉམས་ཤེས་ཤིང་ཡོ་བྱད་ལྡན།། འགྲུབ་འགྱུར་མི་ལྡན་དོན་མེད་བརླག། དུས་གསུམ་རྒྱལ་བའི་ཐུགས་སུ་ཆུད་པའི།།