| e-texts navigator |
| Wylie |
175b1 ཀུན་ཏུ་དོན་སྤྱོད་པ་དང་། ཟག་པ་མེད་པར་བ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཀུན་ཏུ་སྐུ་བསམ་གྱི་མི་ཁྱབ་པ་དང་། ཀུན་ཏུ་ཐུགས
175b2 བསམ་གྱིསོ་མི་ཁྱབ་པ་དང་། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པོ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ།། བསམ་གྱིས་མི་ཁྱབ་པ་གྲངས་མེད་པར་ཕྱོག
175b3 བཅུར་སྣང་བར་གྱུར་ཏོ།། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང
175b4 ཆུབ་སེམས་དཔའི་ཐེག་པ་དང་།། བླ་ན་མེད་པའི་ཐེག་པས། མ་རིག་པའི་རྣམ་པར་རྟོག་པ། ཉོན་མོངས་པ་སྟོང་ཕྲག་བརྒྱ་ཅུ་རྩ་བཞིའི་གཉེན་པོར། ཆོས་སྟོང་ཕྲག་བརྒྱ
175b5 ཅུ་རྩ་བཞི་གསུངས་སོ།། གསུང་ངོ་།། གསུང་བར་འགྱུར་རོ།། དེ་དག་ཐམས་ཅད་བཟུང་བ་དང་འཛིན་པའི་ཕྱི་ནང་རྟེན་འབྲེལ་བར་འགྱུར་། འཛིན་པ་འབྲལ་པ་ལས་འདོག
175b6 བ་དང་། ལས་དང་ལས་ཀྱིས་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ།།