e-texts navigator
Collection
Volume
Page
Wylie

140b1 བྱས་ནས་ཟོས་ན་ཐོག་མ་ཉིན་མོ་ཡི་གེ་ཤོ་ལོ་ཀ་སྟོང་ཀླགས་པ་ཙམ་གྱིས་ལོབས་པར་འགྱུར་རོ།། ཞག་གསུམ་ལོན་པའི་ཉིན་མོ་ཤོ་ལོ་ཀ་སུམ་སྟོང་ལོབས་པར་འགྱུརརོ།། ཞག་བདུན་ལོན་པའི
140b2 ཉིན་མོ་ཐོས་པ་འཛིན་པར་འགྱུར་རོ།། ཤོ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས་རྫོག་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་འཕགས་པ་སྦྲན
140b3 རས་གཟིག་དབང་ཕྱུག་ལ་ཕྱག་འཚལོ།། ཏད་ཐཱ།། སྠི་ཏི་མ་ཏི་མི་ཏི། ཏེ་ཛ་བི་རྱཱ། ཧུ་རུ་མེ། ཧ་ར་ཧུ་རུ་མེ་ཀྲི་ཥྚ་ཧུ་རུ་མེ་སྭཱ་ཧཱ། ཤུ་དག་དཀར་པོ་ལ་སྔགས་འདི་བཟླས་བརྗོད་བྱས་ཏེ་ཟོས
140b4 ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ།། མི་བརྗེད་པའི་གཟུངས། རྫོགས་སྷོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་གྱི་རྟེན་ལ་སྔགས
140b5 འདི་ལན་རེ་བརྗོད་ཅིང་ཀྱང་ཕྱག་རེ་བྱས་ཏེ།། ལན་གསུམ་བྱས་ན་སྡེ་སྣོད་གསུམ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་བསོད་ནམས་དང་མཉམ་པར་འགྱུརརོ།། ཉི་མ་རེ་རེ་ཕྱག་གསུམ་གསུམ
140b6 བྱས་ན་ཚེ་འདི་ཉིད་ལ་མཐོང་བའི་ལམ་གྱིས། ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། དེ་མ་ཐོབ་ཀྱི་བར་དུ་མི་དང་མི་མ་ཡིན་པ་དང་། འབྱུང་པོ་དང་། ནད་རིམ་ཀྱི་གནོད་པ་འབྱུང་བར་མི




iiif viewer powered by OpenSeadragon

140a - 141a

Texts on this page

F705 - sh+lo ka sum stong lobs pa'i gzungs
F706 - mi brjed pa'i gzungs
F707 - phyag bya ba'i gzungs