| e-texts navigator |
| Wylie |
140a1 ལ་ཕྱག་འཚ་ལོ།། སངས་རྒྱས་ཀུན་ནས་ཐོག་མེད་སྟོན་པ་ཕྱག་འཚ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན
140a2 རས་གཟིག་དབང་ཕྱུག་ལ་ཕྱག་འཚལོ།། ཏདྱ་ཐཱ། ཀ་བ་ཙ་ཀ་རྣམས་ལ་ལ་ཏེ་སྭཱ་ཧཱ།། ཆུ་ལ་ལན་བདུན་བཟླས་ཏེ་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུ་རོ། དེའི་ཆོ་ག་ལ་འཕགས
140a3 པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཆུ་བཞག་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་འཐུངས་ལ། དྲོ་ཁར་ཁ་ཟས་འོ་མ་དང་། ལྤགས་ཏེ། བཟའ་བ་དེ་ལྟ་བུར་ཞག་བདུན
140a4 གྱི་བར་དུ་བྱས་ན་ཉིན་གཅིག་ཀྱང་ཡི་གེ་ཤོ་ལོ་ཀ་སྟོང་ལོབས་པར་འགྱུརརོ།། ཤོ་ལོ་ཀ་སྟོང་ལོབས་པའི་གཟུངས། རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལོ།།
140a5 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལོ།། ཏ་དྱ་ཐཱ། ཨོཾ་མུ་ནི་ཀན་ཏེ་མུ་ནི་པྲ་བྷ
140a6 སཱ་རེ་སྭཱ་ཧཱ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་བྱས་ཏེ། ཤ་དག་མཐེ་བོང་ཙམ་བླངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད