| e-texts navigator |
| Wylie |
137a1 རུ་དྷ་རུ། མེ་དྷ་ཨ་ན་ཡ་སྭཱ་ཧཱ། ཆོ་ག་ནི་ནང་པར་སྟ་གྲོ་ལངས་ཞིང་བཟླས་བརྗོད་བྱས་ན་ལོ་བས་སྐྱེན་པར་འགྱུར་རོ།། སྨན་བྲ་མ་ཧི་སྙིམ་པ
137a2 ར་བཅུག་ཏེ་འདུད་པ་བྱུང་གི་བར་དུ་བཟླས་པ་བྱས་ཏེ། ཟོས་ན་ཐོས་པ་འཛིན་པར་འགྱུར་རོ།། ཐོས་པ་འཛིན་པའི་གཟུངས་རྫོགས་སྷོ།། །
137a3 རྒྱ་གར་སྐད་དུ། པྲ་ཛྙཱ་བར་དྷ་ནི་ན་མ་དྷ་ར་ནི། བོད་སྐད་དུ། ཤེས་རབ་བསྐྱེད་པ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།
137a4 འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་ལྡན་ཞེས་བྱ་བ་རི་རབ་ཀྱི་ངོས་ལ་བཞུགས་ཏེ། རི་རབ་ལ་གནས་པའི་ལྷའི
137a5 བུ་ཐམས་ཅད་ཀྱིས་བསྐོར་ནས་མདུན་དུ་བྱས་ཏེ་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞི་ནུའི་གཟུགས་ཅན་གྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ
137a6 སེམས་དཔའ་བློ་ལྡན་ལྡན་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཤེས་རབ་བརྟུལ་པོ་བློ་ཞན་པ། ཡིད་མི་བཞུངས་པ་རྣམས་ཀྱི་སླད་དུ་ཤེས་རབ