e-texts navigator
Collection
Volume
Page
Wylie

134a1 འདས་བེ་ཤ་ལིའི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་པུ་བརྩེགས་པ་ན་བཞུགས་ཏེ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་བཅོམ་ལྡན་འདས་ལ་འདི
134a2 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལྷ་མ་ཡིན་རྣམས་ཀྱིས་རྒོལ་ཞིང་གཙེས་ཏེ།། བདག་དང་ལྷ་མ་ཡིན་དུས་ཡུན་རིང་པོར་མི་མཛའ་ཞིང་དགྲར
134a3 གྱུར་ན། བཅོམ་ལྡན་འདས་ཀྱིས་བདག་ལ་ཅི་ནས་ཀྱང་ཡུན་རིང་པོར་ཕན་པ་དང་།། བདེ་བར་འགྱུར་བའི་ཕྱིར། དེ་ལྟ་བུའི་ཆོས་བདག་ལ་བཤད་དུ་གསོལ།
134a4 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེའི་ཕྱིར་ཀེའུ་ཤི་ཀ་ཁྱོད་ཀྱིས་ངའི་སྙིང
134a5 པོ་གདོན་མི་ཟ་བ་ཞེས་བྱ་བའི་རིག་སྔགས་འདི་ལོང་ཤིག། ཏདྱ་ཐཱ། ཨུརྦ་པ། ནི་ཏྲི་སི་རྦི་སི། ཨུ་ཏྲུ་རྡུ་རེ། ཧཱུཾ་ལེ་ཧཱུཾ་མེ། དི་ཁུ་མེ། པྲ་ཏྱཾ་ག་མ།
134a6 ཨ་ག་ནཱ་མ་ཧཱ་མ་ཡུ་རིན་ནམ། བདག་འཇིགས་པ་ཐམས་ཅད་དང་། འཆེ་བ་ཐམས་ཅད་དང་། འཁོར་ཐམས་ཅད་དང་བཅས་པ་ལ་བསྲུངས




iiif viewer powered by OpenSeadragon

133b - 134b

Texts on this page

F688 - 'phags pa gdon mi za ba zhes bya ba'i gzungs