| e-texts navigator |
| Wylie |
133a1 དེ་ནི་ཤིན་ཏུ་ཡིད་རངས་ཏེ།། རྒྱལ་བའི་མཚན་ལ་ཐེ་ཚོམ་མེད།། མཚན་རྣམས་འདི་དག་འཛིན་བྱེད་པ།། འཇིག་རྟེན་མགོན་པོ
133a2 རྣམས་ལས་ནི།། ཟབ་མོའི་ཆོས་འདི་ཐོས་གྱུར་ཏེ།། ཐོས་ནས་ཐམས་ཅད་འཛིན་པར་འགྱུར།། དེ་ནས་ཕ་རོལ་ཕྱིན་པ་དང་།། མི་འཇིགས་པ་དང་སྟོབས་རྣམས
133a3 དང་། མཚན་དང་། དཔེ་བྱད་བཟང་པོ་རྣམས།། མ་ལུས་པ་ནི་རྫོགས་པར་འགྱུར།། སངས་རྒྱས་དེ་དག་རྣམས་ཀྱིནི།། གང་གི་གི་དུ་འདི་གྱུར་བ།
133a4 ནི་བླ་མེད་ཡང་དག་རྫོགས།། བྱང་ཆུབ་རྫོགས་ནས་འཚང་རྒྱར་འགྱུར།། སྐྱེས་པ་འམ་ནི་བུད་མེད་གང་།། མཚན་རྣམས་འདི་དག་འཛིན་པ་ཡིན།། ཡོན
133a5 ཏན་འདི་དང་གཞན་དག་ཀྱང་།། སངས་རྒྱས་བསྐལ་པ་རྒྱུན་ཏུ་གསུངས།། བག་ཡོད་ལྡན་པར་གྱུར་ནས་ནི།། ཡོན་ཏན་ཕུན་སུམ་འདི་ཐོས་ནས། རྫོགས
133a6 པའི་སངས་རྒྱས་གྲགས་ལྡན་པ།། དེ་དག་མཚན་རྣམས་འཛིན་པར་འགྱུར།། སངས་རྒྱས་འདི་དག་དཔལ་སྙིང་པོ།། སྤྲིན་གྱི་རྒྱལ་པོ་མི་ཡི་མཆོག།