e-texts navigator
Collection
Volume
Page
Wylie

131b1 མཉེས་པར་བྱེད།། དད་པ་བླ་ན་མེད་པ་ཐོབ།། སངས་རྒྱས་རྣམས་ལ་ར་བ་དད་ཅིང་། མཆོད་པ་དམ་པ་བྱེད་པར་འགྱུར།། སངས་རྒྱས་འབྱུང་བ་མཉེས་བྱེད་དེ།
131b2 མཐོང་ནས་སྟོན་པ་རབ་ཏུ་དང་།། འཇིག་རྟེན་སྒྲོན་མ་མཐོང་ནས་ནི།། མཆོད་པ་བཟང་པོ་བྱེད་པར་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ། གང་གིས
131b3 འདྲེན་རྣམས་མཐོང་འགྱུར་བའི། རྒྱ་ཆེན་མིག་ནི་ཡངས་པར་འགྱུར། འཇིག་རྟེན་མགོན་པོ་དེ་དག་གི། མཚན་རྣམས་མི་གང་འཛིན་བྱེད་པ།། སྐྱེ་བ་གང
131b4 དང་གར་སྐྱེ་བར། དེ་ཡི་ཕྱག་བྱའི་འོས་སུ་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ།། བསྐལ་པ་བྱེ་བ་བསམ་ཡས་སུ།། བཀུར་སྟི་མ་ཡིན་ཐོབ
131b5 མི་འགྱུར།། འཇིག་རྟེན་དག་ན་གྲགས་པ་ཐོབ།། མཚན་རྣམས་འདི་དག་འཛིན་བྱེད་པ།། དེ་ལ་བསྐལ་པ་དུ་མར་ནི།། ལྷ་རྣམས་པ་སྟི་སྟེང་བྱེད་པར་འགྱུར།།
131b6 བྱང་ཆུབ་ཏུ་ནི་མྱུར་དུ་འགྱུར།། བྱང་ཆུབ་མྱུར་དུ་འཆང་ཡང་རྒྱ།། མཚན་རྣམས་འདི་དག་འཛིན་བྱེད་པ།། མོས་བྱེད་ཤེས་རབ་འཚལ་མི་འགྱུར།། གཡོ་དང




iiif viewer powered by OpenSeadragon

131a - 132a

Texts on this page

F687 - 'phags pa sangs rgyas bcu gnyis pa zhes bya ba theg pa chen po'i mdo