| e-texts navigator |
| Wylie |
5'b1 བཞུགས་པའི།། རྒྱལ་བ་བསྐྱེད་པའི་ཡུས་མཆོག་ཕྲིན་ལས་ལྡན།། བཟའ་དང་བཅའ་བ་ལ་སོགས་ནལ་ཟས་ལྡན།། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི།། སྡུག
5'b2 བསྔལ་ཐམས་ཅད་ཞི་མཛད་པའི།། གླུ་དང་རོལ་མོར་བཅས་པའི་སྒྲ།། གདུགས་དང་རྒྱལ་མཚོན་བ་དན་འཕན་གདུགས་བཅས།། ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་གྱུར
5'b3 ཅིག། དཔག་བསམ་གི་ནི་ཤིང་དག་དང་།། ལྗོན་པའི་ཤིང་དང་ཤིང་དག་གིས།། དྲི་ཞིམ་ལོ་བ་འདབ་བཅས་པའི་ཤིང་།། ཕྱོགས་ཀུན་ནས་སྟོབས་གྱུར་ཅིག། སྤོས་ཀྱི་ངད་དང་ལྡན
5'b4 པའི་ཆར།། འབྲུ་དང་མེ་ཏོག་ལ་སོགས་པའི།། ཡིད་དུ་འོང་བའི་དྲི་ཞིམ་ཆར།། ངེས་པར་ཀུན་དུ་འབབ་པར་ཤོག། འབབ་ཆུ་ལྟེང་ཀ་ལུ་མ་དང་།། མཚོ་དང་རྫིང་བུ་དག་དང་ནི།།
5'b5 རོ་བརྒྱ་དག་དང་ལྡན་པའི་མཆོག། ངང་པ་ལ་སོགས་བཅས་པ་ཡི།། རིན་ཆེན་ཁང་པ་ཡིད་དུ་འོང་བའི།། དྲ་བ་དྲ་བ་ཕྱེད་པ་དང་།། ཤར་ནབ་འོད་བཅས་ཉི་ཟླ་དག་དང་ནི།།
5'b6 ཁང་པ་ཤིན་དུ་ཡིད་དུ་འོང་བ་རྣམས།། རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བྱའོ།། འཇམ་དཔལ་དེའི་ཕྱིར་མཆོད་པའི་སྔགས་འདི་བརྗོད་པར་བྱའོ།། །། ཨོཾ་སརྦ
5'b7 ཏ་ཐཱ་ག་ཏ་དྷ་པ་པུ་ཙ་མེ་ག་ས་མུད་ཏཱ་སྭ་ར་ན་ས་མ་ཡཻ་ཧཱུཾ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པུ་ཙ་མེ་ག་ས་མུནྟ་སྥ་ར་ཎ་ས་མ་ཡཻ་ཧཱུཾ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལོ་གེ་པུ་ཙ་མེ་ག་ས་མུནྟ་སཱ་ར་ཎ་ས་མ
5'b8 ཡཻ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ཏ་གན་དྷ་པྲ་ཙེ་མེ་ག་ས་མུནྟ་སྭ་ར་ཎ་ས་མ་ཡཻ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནེ་ཝེ་ཏེ་པུ་ཙ་མེ་ག་ས་མུནྟ་སྥ་ར་ཎ་ས་མ་ཡཻ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤ་བྷ་པུ་ཙ་མེ་ག་ས་མུན