| e-texts navigator |
| Wylie |
33b1 སྔགས་དང་སྨན་རྣམས་དང་།། རིགས་སྔགས་ལས་ནི་འདའ་བྱེད་པ།། འདི་ལ་སྔགས་ཀྱི་དམ་པ་ནི།། ཕ་རོལ་གནོན་པ་སྟོན་པར་བྱེད།། རིག་སྔགས་ལ་ནི་འདའ་བའི་འཁོར།
33b2 ཀུན་དུ་ཆད་པས་བསྡིགས་བྱས་སྟེ།། འཇིག་རྟེན་མགོན་པོའི་སྤྱན་སྔར་ནི།། ཡང་དག་པར་ཡང་བརྗོད་པར་བགྱི།། གང་གི་འབྱུང་པོའི་དཀྱིལ་འཁོར་དུ།། འདི་བཤད་པ་ནི་མི་ཉན་པ།།
33b3 དེ་དག་ཆད་པས་བཅད་པར་བྱ།། ཚངས་པས་སྤྲུལ་པའི་མདོ་སྡེའོ།། སངས་རྒྱས་ཞབས་ལ་ཕྱག་འཚལ་ལོ།། ཕན་ཚུན་དུ་ནི་བལྟ་བྱས་ན། བཻ་དཱུརྱ་དང་གསེར་དང་དངུལ།། མུ
33b4 ཏིག་རྣམས་དང་ཤེལ་དག་དང་།། སྤུག་དང་རྡོའི་སྙིང་པོ་དང་།། རིན་ཆེན་བདུན་གྱི་བརྒྱན་པ་ཡི།། རྩིབས་སྟོང་ཁ་དོག་གསེར་འདྲ་བའི།། ཤིང་རྟ་རྣམ་པ་བཞི་བྱས་པ།། བཟོ
33b5 རྣམས་ཀུན་དང་ལྡན་པ་སྟེ།། རྫ་འཕྲུལ་གྱིས་ནི་མཁའ་ལ་འགྲོ།། རྒྱལ་པོ་དག་ནི་དེར་བཞུགས་ནས།། འབྱུང་པོའི་དཀྱིལ་འཁོར་ཉིད་དུ་དོང་།། ས་ནི་གསེར་གྱི་བེ་མ་དང་།། མེ
33b6 ཏོག་དག་གིས་བཀང་བྱས་ནས།། མགུལ་བར་ལྟུང་དང་སྐུད་པ་དང་།། ཞགས་པ་དག་ཀྱང་གདགས་བྱོས་ལ།། ཕྱོགས་ཀྱི་ས་ནི་ཇི་སྙེད་པའི།། འབྱུང་པོ་ཐམས་ཅད་ཁྲིད་ཤོག
33b7 ཅེས།། གནོད་སྦྱིན་གྱི་ནི་སྡེ་དཔོན་ཀུན།། ཕྱོགས་བཞི་དག་པ་དགེ་བ་བྱས།། སྟོང་ཆེན་རབ་ཏུ་འཇོམས་པ་ཡི།། མདོ་སྡེ་ཡི་ནི་དམ་པ་འདི།། ཚངས་པའི་འཇིག་རྟེན་བར་དུ་འབྱུང་།
33b8 ལྷ་རྣམས་ཀུན་གྱིས་རྣམ་པར་བསམས།། སྟོང་ཆེན་པོ་ཡི་ལུས་ཀྱིས་སུ།། གནོད་སྦྱིན་དང་ནི་སྲིན་པོ་བརྟུལ།། ལུས་ངན་པོའི་ཚིག་ཐོས་ནས།། གནོད་སྤྲིན་གྱི་ནི་སྡེ་དཔོན་དག། ཕྱོགས