| e-texts navigator |
| Wylie |
32b1 སྦྱིན་དག་གི་དཀྱིལ་འཁོར་དུ།། ཟས་སྐོམ་དང་ཡང་བྲལ་བར་འགྱུར།། སྟོང་ཆེན་རབ་འཇོམས་མདོ་སྡེ་ལ།། གནོད་སྦྱིན་གང་དག་མི་ཕྱོགས་པ།། དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ།
32b2 སྤྱི་བོ་དག་ནི་འགེམས་པར་འགྱུར།། སྤུ་གྲིའི་སོ་ནི་བརྩུབ་མོ་ཡིས།། དེ་ཡི་ལྕེ་ནི་གཅོད་པར་འགྱུར།། མཚོན་ཆ་ཤིན་དུ་རྣོན་པོ་ཡིས།། དེ་ཡི་སྣ་དང་རྣ་བ་གཅོད།། འཁོར་ལོ
32b3 སྤུ་གྲིའི་སོ་འདྲ་བ།། ཀླད་པ་རབ་ཏུ་གཤེག་པར་བྱེད།། ཐོ་བ་ལྕགས་ཀྱིས་དཀྲིས་པ་ཡིས།། དེའི་སྙིང་ལ་འཇོམས་པར་བྱེད།། རྣག་དང་ཁྲག་ནི་དྲོན་མོ་དག། དེའི་ཁ་ན
32b4 འཛག་པར་འགྱུར།། རིག་སྔགས་ཞགས་པའི་ཆད་པ་ཡིས།། རྟག་ཏུ་འཁོར་བར་འགྲོ་བ་ན།། འཁོར་བར་གནོད་སྦྱིན་དཀྱིལ་འཁོར་དུ།། དེ་ཉིད་དུ་ནི་འཁོར་བར་འགྱུར།། རྒྱལ
32b5 པོ་ཆེན་པོ་དཔལ་ལྡན་པ།། ཕྱོགས་བཞི་དག་ཏུ་སོང་གྱུར་ནས།། ཆོས་ཀྱི་གོ་ཆ་བགོས་གྱུར་ཏེ།། བཟང་པོའི་ཁྲི་ལ་འདུག་པ་ནི།། ཤར་ཕྱོགས་ན་ནི་ཡུལ་འཁོར་བསྲུང་།། ལྷོ
32b6 ཕྱོགས་ན་ནི་འཕགས་སྐྱེས་པོ།། ནུབ་ཕྱོགས་ན་ནི་མིག་མི་བཟང་།། བྱང་ཕྱོགས་ན་ནི་ལུས་ངན་པོ།། དཔལ་དང་གཟི་བརྗིད་འབར་བ་ཡི།། རྒྱལ་པོ་དག་ནི་ཕྱིན་པ་དང་།། དེ་ཆེ་སྟོན་པ
32b7 ཐམས་ཅད་མཁྱེན།། བར་སྣང་གནས་ལ་རབ་ཏུ་འཕགས།། ཚངས་པས་སྤྲུལ་པའི་གཞལ་མེད་ཁང་།། དེ་ནི་རྡོ་རྗེའི་གདན་ལ་གཞུགས།། དེ་ནས་ཚངས་པ་ཚངས་ཆེན་རྣམས།
32b8 ཐལ་མོ་སྦྱར་འཁོད་ཕྱག་འཚལ་ལོ།། དཔལ་ལྡན་གསེར་གྱི་རི་བོ་འདྲ།། གསེར་གྱི་མཆོད་སྡོང་དང་ཡང་མཚུངས།། མེ་ཏོག་པདྨ་བཞིན་དུ་རྒྱས།། ཉི་མ་དང་འདྲ་ཟླ་ཉ་ལ།། སྐར