| e-texts navigator |
| Wylie |
32a1 གྱུར་ནས།། ཕྱོགས་བཅུ་རབ་ཏུ་འབྱེར་བྱེད་ཅིང་།། སྤྲ་བོ་ཆེ་ཡང་སྒྲོགས་པར་བྱེད།། རྒྱལ་པོ་ཆེན་པོ་དེ་ཤེས་ནས།། གསང་བ་གསུམ་ནི་ཡང
32a2 དག་སྨྲ།། ཀྱེ་མ་རིག་སྔགས་རིག་སྔགས་ཆེ།། སྟོང་ཆེན་རབ་ཏུ་འཇོམས་བྱེད་པ།། སངས་རྒྱས་ཀྱིས་ནི་གསུངས་པ་དེ།། ཟོས་ནས་འབྱུང་པོ་སྐག་གྱུར་ཏེ།། དཔེར་ན་རབ་ཏུ་འབར
32a3 མེ་དང་།། ཏིལ་མར་ངར་བཏགས་རལ་གྲི་བཞིན།། ཀེའུ་ཏ་མས་ནི་རབ་བཤད་པའི།། རིག་སྔགས་སྤུ་གྲིའི་སོ་དང་འདྲ།། དྲང་སྲོང་ཆག་ནི་ལེགས་པ་བཤད།། དེ་ལ་གང
32a4 ཞིག་མ་དད་ན།། དེའི་བུའི་མཐུ་བོ་ནི།། ཚངས་པའི་ཞགས་པས་མེད་པར་འགྱུར།། མེ་ནི་རབ་ཏུ་འབར་བྱས་ལ།། བླ་དང་འོག་དང་ཕྱོགས་བཞིར་ཡང་།། སྦྱིན་བསྲེག་གི་ནི
32a5 ཆུ་གཏོར་ཏོ།། ནས་དང་ཉངས་དཀར་བླངས་ནས་སུ།། མར་གྱི་སྙིང་པོ་དང་སྦྱར་ནས།། མེའི་ནང་དུ་བླག་པར་བྱ།། ལེགས་པར་གསུངས་པ་འདི་ཐོས་ནས།། གོལ་ཏེ་མྱུར་དུ་མི
32a6 གཏོང་ན།། ཐམས་ཅད་འབར་བར་འགྱུར་བ་ནི།། མར་དང་ཡུངས་དཀར་མེས་བླུགས་བཞིན།། གནོད་སྦྱིན་ཆད་པས་བསྡིགས་ནས་སུ།། དེ་དག་བདེ་བ་མི་རྙེད་དེ།། དེ་ཡི་རྩིབ
32a7 ལོགས་གཡས་པར་ནི།། འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར།། གནོད་སྦྱིན་ནད་ཀྱིས་བཏབ་པས་ན།། ཤ་བཀྲིའི་ནད་ཀྱིས་བཏབ་པར་འགྱུར།། ལྗང་ལོ་ཅན་གྱི་ཕོ་བྲང་དུ།
32a8 གཞན་ཡང་འགྲོ་བར་མི་འགྱུར་རོ།། ལུས་ངན་གྲགས་དང་ལྡན་པ་ཡི།། ཁྱིམ་ཡང་མཐོང་བར་འགྱུར་རོ།། འབྱུང་པོ་མང་པོ་ཚོགས་པ་ན།། སྟན་ཡང་ཐོབ་པར་མི་འགྱུར་རོ།། གནོ