e-texts navigator
Collection
Volume
Page
Wylie

31b1 ས་མཆིས་ཤིང་ངུ་བར་བགྱིད།། དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱིས།། འཇིག་རྟེན་མགོན་པོ་བདག་ལ་གསོན།། སྱཱད་ཐེ་དན། ཀྲ་ག་སེ། ཀྲ་ག་ཤེ། ཀྲ་ག་སེ། ཀྲུ་ཤ་མེ། ཀྲུ་ཀེ། ཀྲུག
31b2 ཁ་མེ། ཀྲུ་གེ་ཨ་ལེ། ཨ་ག་ལེ། ན་ག་ལེ། མ་མ་ག་ལེ། ཀུ་ཧུ་མེ་གུ་མེ། ཨ་ལ་ཀེ། ཀ་ལ་ཀེ། ཨི་རི་མི་རི། དྷི་རེ། ཨ་རུ་ག་བ་ཧི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་མིང
31b3 དང་། སྟོབས་དང་དབང་ཕྱུག་དང་། བྱིན་གྱིས་བདག་དགེ་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། འཁོར་ཐམས་ཅད་ཀྱི་མདུན་དུ་སེང་གེའི་སྒྲ་སྒྲགས་པ།
31b4 ནི་སྟོབས་བཅུ་དང་ལྡན་ཞིང་མི་འཇིགས་པ་བཞིས་འཇིགས་པ་མེད་པ་སྟེ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཁྱུ་མཆོག་ལྟ་བུ་རྒྱ་ཆེན་པོ་ཡང་དག་པར་བསྒྲགས་སོ།། ཚངས་པའི་འཁོར་ལོ།།
31b5 བསྐོར་ལ། སྡེ་དང་དཔུང་དང་གཞོན་བཅས་པའི།། བདུད་ཀྱང་གཅིག་གིས་རབ་ཏུ་བརྟུལ།། སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར། རིག་སྔགས་ཐམས་ཅད་ང་ལ་ཉོན།། སྱད་ཐེ་དན།
31b6 ཨ་སཾ་གེ། ཁ་ད་ག་བ་ཏི། བ་ལ་བ་ཏེ། བ་ལ་ནིར་གྷོ་ཥེ། ཤུ་རེ་ཤུ་ར་དྷ་རེ། བཛྲ་ག་མེ་བཛྲ་དྷ་རེ། སྟཾ་བྷེ་ཛ་མ་བྷེ་དྲི་དྷ་སཱ་རེ། བྷི་ར་ཛེ། བྷི་གྷ་སྭེ། བ་ར་གྲ་པྲ་བ་ཏེ། ཨ་ར་ཎི་དྷརྨ་ཡུག་ཏེ།
31b7 དེ་ཤི་བི་གྷུཥྚེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་མཚན་དང་སྟོབས་དང་དབང་ཕྱུག་དང་། བྱིན་གྱིས་བདག་དགེ་བར་གྱུར་ཅིག། སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་དག། སངས
31b8 རྒྱས་ཀྱི་ནི་གསུང་ཐོས་ནས།། འཇིགས་དང་སྐག་དང་སྔངས་གྱུར་ཏེ། ཐལ་མོ་སྦྱར་ནས་འཁོད་པར་གྱུར།། འབྱུང་པོའི་ཚོགས་ནི་ལྷགས་པ་རྣམས།། སྔགས་འཁྲུགས་རོད་རོད་པོར




iiif viewer powered by OpenSeadragon

31a - 32a

Texts on this page

F620 - stong chen mo rab tu 'joms pa zhes bya ba'i mdo