e-texts navigator
Collection
Volume
Page
Wylie

31a1 ཤིན་དུ་སྐོམ་པས་འདེབས་པར་འགྱུར།། གཡེང་བས་བཏབ་ཅིང་བལྟ་བར་འགྱུར།། བཞིན་ཡང་དམར་པོར་གདའ་བར་འགྱུར།། སྐུམས་ནས་ས
31a2 ལ་ཉལ་བར་འགྱུར།། ཁ་དོག་དན་ཅིང་ལུས་ཀྱང་སྐེམ།། སྐྲ་དང་སྲིན་མོ་རང་བ་སྟེ།། དྲི་མ་ཅན་ལ་དྲི་གདའ།། བརྫུན་དང་བརྐྱལ་པ་སྨྲ་བར་བགྱིད།། དེ་ལ་སྔགས་ཀྱི་ཚིག་མཆིས
31a3 ཀྱིས།། འཇིག་རྟེན་མགོན་པོ་བདག་ལ་གསོན།། སྱད་ཡ་ཐེ་དན། ཁ་ཁ་ཁ་མེ། ཁ་ལ་ནེ། ཁ་ལོ་མེ། ཁ་ར་ལི། ཁ་ར་ལེ། ཀ་ར་ཁེ། ཀ་ཤི་ནེ། ཀ་ར་ཏེ། ཀ་ལེ། ཀ་མ་ནི། བ
31a4 བ་ལེ། བི་དྷེ་ཡ་ཤ། བ་ཏི་ཤ་མི། ཤ་མ་ནི། སྭཱ་ཧཱ།། །། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་མིང་དང་། སྟོབས་དང་། དབང་ཕྱུག་དང་། བྱིན་གྱིས་བདག་གི་གདོན་དང་གནོད
31a5 པ་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཅུགས
31a6 ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་འཁོར
31a7 འདབ་བཟངས་ཀྱི་གདོན་གྱིས་བཏབ་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། སྙིགས་བུ་འདེབས་ཤིང་དབུགས་ཀྱང་འབྱིན།། དེ་བཞིན་དབུགས་ཀྱང་གྲང་བར་འགྱུར།། རྡུལ
31a8 ཞི་སྦུ་བ་ཁ་ཆུ་འབྱུང་།། ཕྱི་ཕྱིར་གཉིད་ཀྱང་ལོག་པར་འགྱུར།། ཁ་དོག་ལྡན་ཞིང་དཔའ་བ་སྟེ།། དེ་བཞིན་འདར་ཞིང་རྒྱུག་པར་འགྱུར།། སེན་མོ་དག་ཀྱང་སྟོན་པར་བྱེད།། དོག




iiif viewer powered by OpenSeadragon

30b - 31b

Texts on this page

F620 - stong chen mo rab tu 'joms pa zhes bya ba'i mdo