e-texts navigator
Collection
Volume
Page
Wylie

30b1 བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི
30b2 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་འཁོར་དྲི་ཟའི་གདོན་གྱིས་བཏབ་པའི་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། གླུ་ལེན་ཅིང་ནི་བྲོ་བརྡུང་སྟེ། རྒྱན་རྣམས་ལ་ཡང་དགའ
30b3 བར་བགྱིད།། བརྐམ་པ་མ་མཆིས་མང་བར་སྨྲ།། རྒོད་པ་བགྱིད་ཅིང་ཁྲོ་བར་འགྱུར།། སྐོམ་པར་འགྱུར་ལ་མིག་དམར་ཏེ།། རྟག་ཏུ་རིམས་ཀྱིས་འདེབས་པར་བགྱིད།། མིག
30b4 དང་འབྱེད་པར་མི་བགྱིད་དེ།། རྒྱབ་ཀྱིས་ཕྱོགས་ཤིང་ཉལ་བར་བགྱིད།། དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱིས།། འཇིག་རྟེན་མགོན་པོ་བདག་ལ་གསོན།། སྱད་ཡ་ཐེ་དན།།
30b5 ཁ་ནེ་ཁ་ནེ། བྷི་ན་ཁེ་བན་དྷེ། བར་དྷེ། ཙ་ལེ། བ་ཁེ་བ་ཁེ་ནེ། ཨ་ཁི་ནི། ན་ཁི་ནི། བ་ཧུ་ལེ། བྷ་གྷོ།། བ་ག་ན་ད་ལེ། པ་ཤེ་བ་ཤ་བ་ནི་སྭཱ་ཧཱ།། རྒྱ་ལོ་ཆེན་པོ་ཡུལ
30b6 འཁོར་སྲུངས་གི་མིང་དང་། སྟོབས་དང་དབང་ཕྱུག་བྱིན་གྱིས་བདག་གདོན་ཐམས་ཅད་དང་། གནོད་པ་ཐམས་ཅད་ལས་ཐར་པར་གྱུར་ཅིག། སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་འཕ
30b7 སྐྱེས་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ།
30b8 བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་འཁོར་ཡི་དགས་གྲུལ་བུས་གྱིས་ཟིན་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་ལོགས་ཏེ།




iiif viewer powered by OpenSeadragon

30a - 31a

Texts on this page

F620 - stong chen mo rab tu 'joms pa zhes bya ba'i mdo