e-texts navigator
Collection
Volume
Page
Wylie

29b1 སྡེ་རབ་ཏུ་འཇོམས་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟོང་འབྱུང་བར་འགྱུར་རོ།། དེ་བས་ན་འཇིག་རྟེན་འདིར་རྣམ་པ་འདི་ལྟ་བུ་འབྱུང་བར་འགྱུར་བར།། ཁྱེད་སྙིང་ལས་ཆུང་ངུས
29b2 གནས་པས་གནས་པར་གྱིས་ཤིག། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ལ་བཙུགས
29b3 ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་གྲོང་དང་བསྐྱེད་མོས
29b4 ཚལ་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་དང་བསིལ་ཁང་དང་། སྒོ་ཁང་དང་། རྟ་བབས་དང་། སྐར་ཁུང་དང་། དར་གྱི་ལྡ་ལྡིང་བཟང་ཞིང་མཛེས་པ། རྣམ་པ་སྣ་ཚོགས
29b5 དང་ལྡན་པ་དང་། དྲིལ་བུ་དང་མུ་ཏིག་གི་དྲ་བས་ཡོངསུ་བསྐོར་བ་དང་། པོག་པོར་ནས་བདུག་པས་བདག་པ་དང་། མེ་ཏོག་གི་གཏོར་བའི་ཁྱིམ་དང་། གནས་ཁང་དང་ཁང་པ་ཆེན
29b6 པོ་དག་མཆིས་ཏེ། དེར་བདག་ཅག་བུད་མེད་བརྒྱ་ཕྲག་སྟོང་དག་གིས་ཡོངས་སུ་བསྐོར་ཅིང་། འདོད་པའི་ཡོན་ཏན་ལྔ་ཚང་པར་སྤྱོད་པ་དང་ལྡན་པར་གྱུར་ནས་གནས་ཏེ། བཙུན་པ
29b7 བཅོམ་ལྡན་འདས་བདག་ཅག་རབ་ཏུ་མྱོས་པས་བག་མ་མཆིས་པར་གནས་པས་གནས་པ་ན། འཁོར་ཟས་དང་སྐོམ་ཚོལ་དུ་ཕྱོགས་བཅུ་ཀུན་དུ་འབྱེར་ཞིང་། སྐྱེས་པ་དང་བུད་མེད
29b8 དང་། ཁྱེའུ་དང་བུ་མོ་དང་བཅས་མ་ཐག་པ་དང་། དུད་འགྲོའི་སྐྱེ་གན་སུ་གཏོགས་པའི་སྲོག་ཆགས་རྣམས་ཀྱི་ས་མདངས་འཕྲོག། འཚེ་བར་བགྱིད། བགེགས་བགྱིད། སྲོག་དང




iiif viewer powered by OpenSeadragon

29a - 30a

Texts on this page

F620 - stong chen mo rab tu 'joms pa zhes bya ba'i mdo