e-texts navigator
Collection
Volume
Page
Wylie

29a1 ཉེ་བར་གནས།། སངས་རྒྱས་སྔ་མས་བཤད་པ་ཡི།། སྟོང་ཆེན་རབ་འཇོམས་མདོ་སྡེ་འདི།། ཁོ་ར་ཁོར་ཡུག་རི་མཐའི་བར། འཚམས་གཅོད
29a2 པ་ཡི་དམ་པ་ལགས།། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ།། ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ།། ཆོས་ཀྱི་རྒྱལ་པོ་མཐུ་ཆེན་ལ།། ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ།། དེ་ནས
29a3 བཅོམ་ལྡན་འདས་ཀྱིས་ཡུད་ཙམ་ཅིག་ཅིང་མི་གསུང་བར་དགོངས་ནས།། རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་བཀའ་སྩལ་པ།། རྒྱལ་པོ་ཆེན་པོ་དག་གང་ཁྱེད་ཀྱི་འཁོར་ངའི་འཁོར
29a4 ལ་འཚེ་བར་སེམས་པ་དེ་ནི་ཚུལ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མི་ཡི་འཇིག་རྟེན་འདིར་སངས་རྒྱས་འབྱུང་བ་དང་། ཆོས་ལེགས་པར་གསུངས་པ་དང་། དགེ་འདུན་ལེགས་པར
29a5 བསྒྲུབ་པ་དེ་ལ་ས་བོན་འདི་བཏབ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཉན་ཐོས་རྣམས་འཇིག་རྟེན་དུ་འབྱུང
29a6 བར་འགྱུར།། དེ་ལ་འཇིག་རྟེན་དེ་དག་གིས་དགེ་བའི་རྩ་བསྐྱེད་ནས། ལྷའི་རིས་སུམ་བཅུ་རྩ་གཉིས་ལས་ལྷའི་རིས་གང་ཡང་རུང་བ་དག་ཏུ་སྐྱེ་བར་འགྱུར། རྒྱལ་པོ་དག་ཀྱང
29a7 དཔག་རྣམ་པ་བཞི་དང་ལྡན་པ་ནས། གླིང་བཞི་ལ་དབང་པོའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུ་རོ།། རྒྱ་མཚོ་ལ་ཐུག་པའི་སའི་དཀྱིལ་འཁོར་ཆེན་པོར་ཆོས་ཀྱི་རྒྱལ
29a8 སྲིད་བྱེད་པར་འགྱུར་ཏེ། དེ་དག་ལ་ཡང་བུ་དཔའ་བ་བརྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེན་པོ་ཆེའི་སྟོབས་ཀྱི་ཤུགས་བདོག་པ། ཕ་རོལ་གྱི




iiif viewer powered by OpenSeadragon

28b - 29b

Texts on this page

F620 - stong chen mo rab tu 'joms pa zhes bya ba'i mdo