e-texts navigator
Collection
Volume
Page
Wylie

28b1 དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ལྷ་རྣམས་ཀྱིས་དབང་པོ་བརྒྱ་བྱིན་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་། རྒྱལ་པོ་ཆེན་པོ
28b2 བཞི་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་ཆེན་པོ་སྟོབས་པོ་ཆེ་སུམ་བཅུ་རྩ་གཉིས་དང་། འཕྲོག་མ
28b3 བུ་དང་བཅས་འཁོར་དང་བཅས་པས། ཁ་དོག་འཕགས་པ་དག་ནུབ་མོ་འདས་པ་དང་། དག་པ་ལྟ་བུའི་བྱ་རྒོད་ཕུང་པོའི་རི་ལ་བདག་གི་ཁ་དོག་དང་མཐུས། སྣང་བ་ཆེན་པོས
28b4 སྣང་བར་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་ནས་ཚིག
28b5 གཅིག་དབྱངས་གཅིག་ངག་གཅིག་ཏུ། བཅོམ་ལྡན་འདས་ལ་ཚིགསུ་བཅད་དེ་མངོན་པར་བསྟོད་པ།། ཤིན་དུ་འབར་བའི་སེར་དང་འདྲ།། ཟླ་བ་ཉ་བའི་འོད་དང་མཚུངས།།
28b6 དཔལ་ལྡན་རྣམ་ཟོས་བུ་བཞིན་བཞིན་བརྟན།། རིན་ཆེན་རྣམས་ཀྱི་འབྱུང་གནས་ལགས།། སེང་གེ་གླང་ཆེན་འདྲ་བའི་འགྲོས།། གླང་ཆེན་མྱོས་པ་ཤིན་དུ་གནོན།། གསེར
28b7 གྱི་རི་བོ་དང་ཡང་མཚུངས།། འཛམ་བུ་གླིང་གི་གསེར་རྒྱན་འདྲ།། སྐར་མ་རྣམས་ཀྱིས་ཡོངས་བསྐོར་བའི།། ན་མཁའི་ཟླ་བ་དྲི་མེད་བཞིན།། ཉན་ཐོས་དགེ་འདུན་རྣམས
28b8 ཀྱི་དབུས།། མཚན་རྣམས་ཀྱིས་ནི་བརྒྱན་པར་གྱུར།། ལྷ་དང་བཅས་པའི་འཇིག་རྟེན་འདི། ཐུབ་པ་ལ་ནི་སྐྱབ་སུ་མཆི།། མི་རྣམས་ལ་ནི་ཕན་པའི་ཕྱིར།། བསྲུང་བ་དུས་སུ




iiif viewer powered by OpenSeadragon

28a - 29a

Texts on this page

F620 - stong chen mo rab tu 'joms pa zhes bya ba'i mdo