e-texts navigator
Collection
Volume
Page
Wylie

28a1 ལས་བྱེད་པ་དང་། མངག་པ་དང་གཡོག་ཁ་ཅིག་ཀྱང་གདོན་འབྱུང་པོས་བཏབ་པར་གྱུར།། ཡུལ་ཡངས་པ་ཅན་གྱི་ལྗོངས་ཀུན་གྱི་དགེ་སློང་དང་། དགེ་སློང
28a2 མ་དང་། དགེ་བསྙེན་མ་རྣམས་ཀྱང་འཇིགས་སྐྲག་སྔངས་ཏེ། སྐྱེ་བུང་ཞེས་བྱེད་ནས་ཁ་གནམ་དུ་བལྟས་ཏེ། ངུ་འབོད་ཅིང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕྱག་འཚལ། བྲམ
28a3 ཟེ་དང་ཁྱིམ་བདག་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པའི་བྲམ་ཟེ་དང་ཁྱིམ་བདག་དེ་དག་ཁ་ཅིག་ནི་ཚངས་པ་ལ་ཕྱག་འཚལ། ཁ་ཅིག་ནི་བརྒྱ་བྱིན་ལ། ཁ་ཅིག་ནི
28a4 འཇིག་རྟེན་སྐྱོང་བ་རྣམས་ལ་ཕྱག་འཚལ། ཁ་ཅིག་ནི་དབང་ཕྱུག་ཆེན་པོ་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་དང་འཕྲོག་མ་དང་། ཉི་མ་དང་། ཟླ་བ་དང་། གཟའ་དང་།
28a5 སྐར་མ་དང་། རི་དང་ནགས་ཚལ་དང་། སྨན་དང་། ཤིང་ལྗོན་པ་དང་། ཀླུང་དང་ལྟེང་ཀ་དང་། འཆེའུ་དང་རྫིང་བུ་དང་། རྫིང་དང་མཆོད་རྟེན་གྱི་གནས་ན་གནས་པ་དག་ལ་ཕྱག
28a6 འཆལ་ཞིང་། བདག་ཅག་འདི་འདྲ་བའི་གནོད་པས་འཇིགས་པའི་གནས་ནས་ཇི་ལྟར་ཐར་པར་འགྱུར་སྙམ་དུ་སེམས་ཤིང་འཁོད་པ་དག། བཅོམ་ལྡན་འདས་ཀྱིས་མི་ལས་འདས་པའི
28a7 སྤྱན་རྣམ་པར་དག་པས་གཟིགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ
28a8 བར་མཛད་ནས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དད་པར་གྱུར་ནས་འདས་པར་གྱུར་པ་དེ་རྣམས་དེ་ལྟ་བུའི་རྫུ་འཕྲལ་མངོན་པར་འདུ་མཛད་པ་མངོན་པར་མཛདདོ།། །




iiif viewer powered by OpenSeadragon

27b - 28b

Texts on this page

F620 - stong chen mo rab tu 'joms pa zhes bya ba'i mdo