| e-texts navigator |
| Wylie |
27b1 ལྡན་པ་ལག་བཟངས་དང་། ཚེ་དང་ལྡན་པ་མ་འགག་པ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང་། ཚེ་དང་ལྡན་པ་ནམ་གྲུ་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་བར་དུ་དེ
27b2 དག་ལ་སོགས་པའི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་གཅིག་ཏུ་བཞུག་སོ།། དེའི་ཚེ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན
27b3 དང་བཅས་པ་ལ་ལུས་འཕགས་མོའི་བུ། ཡུལ་མ་ག་ཏའི་རྒྱལ་པོ་མ་སྐྱེས་དགྲས་ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས
27b4 ཀྱིས་བཀུར་སྟི་བྱས། བླ་མར་བྱས། སྟི་སྟང་དུ་བྱས། མཆོད་པར་བྱས་སོ།། ཡང་དེའི་ཚེས་ཆེར་གོས་པར་གྱུར། སྤྲིན་འདུས་པ་ཆེན་པོ་ཡང་འབྱུང་། དས་མ་ཡིན་པའི་རླུང་དང་སེར
27b5 བ་ཆེན་པོ་ཡང་བྱུང་སྟེ། སྤྲིན་ཆེན་པོ་ལས་ཆར་པ་ཆེན་པོ་ཡང་བབ་པར་གྱུར། འབྲུག་ཀྱང་དིར་རེ་ཟེར། གློག་ཀྱང་བྱུང་། ཕྱོགས་བཅུ་ཡང་འཁྲུགས་པར་གྱུར་ཏོ།། མུན་པ་མུན
27b6 ག་ཆེན་པོ་ཡང་བྱུང་སྟེ། སྐར་མ་རྣམས་ཀྱང་མི་སྣང་། ཉི་མ་དང་ཟླ་བ་རྣམས་ཀྱང་འོད་དང་མི་ལྡན་པར་གྱུར་ཏེ། ལྷམ་མེར་མ་ཡིན། ལྷན་ནེར་མ་ཡིན། ལྷང་དེར་མ་ཡིན་ཞིང་འོད་མི་གསལ
27b7 བར་གྱུར་ཏོ།། དེ་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་འཇིགས་པ་དེ་དག་བྱུང་བ་དང་། ཡངས་པ་ཅན་གྱི་ལི་ཙ་བྱི་ཁ་ཅིག་གི་གྲོང་གཞན་དང་གྲོང་ཁྱེར་བ་གང་ཡིན་པ་དེ་དག
27b8 གདོན་འབྱུང་པོས་བཏབ་པར་གྱུར། གྲོང་གི་གཞོནུ་རྣམས་དང་། རྩིས་མཁན་རྣམས་དང་། བློན་པོ་དང་། བློན་པོ་ཆེན་པོ་དང་།། འཁོར་ན་གནས་པ་དང་བྲན་པོ་དང་། བྲན་མོ་དང