| e-texts navigator |
| Wylie |
259b1 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ་ལ་ཕྱག་འཚའོ།།
259b2 མེའུ་ཐུང་ཤ་ཟ་མོ་ཁྱོད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མ་མེའུ་ཐུང་མ་རེ་ཁྲོ་མ་ལོ་མ་གྱོན་པ་ཤ་ཟ་མོ་ཁྱོད་ལ་ཕྱག་འཚལ་ལོ།། ཞགས་པ་དང་། དགྲ་སྟ་ཐོགས་པ། བདག་གི།
259b3 འཇིགས་པ་གང་ཅི་ཡང་རུང་བ་དང་། ཡམས་ཀྱི་ནད་གང་དག་ཅི་ཡང་རུང་བ་དང་། འཆི་བྱེད་ཆེན་པོ་གང་དག་ཅི་ཡང་རུང་བ་དང་། གནོད་པ་གང་དག་ཅི་ཡང་རུང་བ་ཐམས་ཅད་དང་།
259b4 འཁྲུག་པ་གང་དག་ཅི་ཡང་རུང་བ་ཐམས་ཅད་དང་། ཁོང་དུ་གནོད་པའི་ནད་གང་དག་ཅི་ཡང་རུང་བ་ཐམས་ཅད་དང་། འགོ་ནད་དང་། འགོ་བའི་ནད་འབྲེལ་པ་དེ་དག་ཐམས་ཅད་ནི་བྱིས
259b5 པ་ཁོ་ན་དག་ལ་འབྱུང་གི། མཁས་པ་དག་ལས་ནི་མ་ཡིན་ཏེ། བདེན་པ་དག་བདེན་པའི་ཚིག་དེས་སོང་ཤིག། མཁས་པས་བྱིན་གྱིས་བརླབ་པའི་གསང་སྔགས་ཀྱི་གཞི་འདི
259b6 དག་གིས། བདག་ཅག་རྣམས་ལ་བསྲུང་བར་གྱིས་ཤིག། ཡོངས་སུ་བཟུང་བ་དང་། ཡོངསུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ
259b7 སྤང་བ་དང་། མཚོན་ཆ་སྤད་པ་དང་། ད་གཞིལ་བ་དང་། དུག་བསད་པ་དང་། དུག་མནན་པ་དང་། འཚམས་གཅད་པ་དང་། ས་བཅིང་བར་གྱིས་ཤིག། ཏདྱ་ཐཱ།
259b8 ཨོཾ་ཨ་མྲི་ཏི། ཨ་མྲ་ཏི། ཨ་ཤ་སྟེ། ཨ་ཤ་སྟཾ་ག། མ་མ་ར་མ་མ་ར། ཤ་མ་པྲ་ཤ་མ། ཨུ་པ་ཤ་མ། དུ་ནུ་པི། དུ་ལུ་དུ་ལུ་དུ་མུ་ལེ། ན་མ་ཤ་བ་རི