| e-texts navigator |
| Wylie |
259a1 ཙ་ལེ། ཆ་ལེ་བ་ཤེ། ཥི་ཏིའི་དྲ་བད་ཏྲ་ལེ། མ་ཏ་ལེ། ཧེ་ལེ་ཧེ་ལེ། ཧ་ལ་ཧ་ལ། ཧ་ལ་ལེ། ཀེ་ལེ་པ་ཙ་ལེ། མ་ལེ།
259a2 ཏན་ཏི་ཏན་ཏི། ཏ་ཊ་ཏ་ཊ། མུཊ་ཝཊ། ཕཊ་ཕཊ་ཏ། ར་ཧ་ར་བི་ཤི་སྭཱ་ཧཱ།། དགེ་སློང་དག་དེ་ལྟར་ན་དུགསེལ་གྱིས་འབྱུང་པོ་འདུས་པ་ཐམས་ཅད་རིགས་སྔགས
259a3 གང་བརྗོད་ཅིང་བསྟན་པ་དེ་ཐམས་ཅད་ནི་དེ་བཞིན་ནོ།། ཡང་དག་པའོ།། བདེན་པའོ།། མ་ནོར་བའོ།། ཕྱིན་ཅི་མ་ལོག་པའོ།། དུག་འདི་མདུག་པར་གྱུར་ཅིག། སྦྱིན་པར་བྱེད་པའི་གས
259a4 དུ་སོང་ཤིག། འཛིན་པར་བྱེད་པའི་གན་དུ་སོང་ཤིག། མེའི་ནང་དུ་སོང་ཤིག། ཆུའི་ནང་དུ་སོང་ཤོག། ཟང་ལ་སོང་ཤིག། ཁའི་ནང་དུ་སོང་ཤིག། ཅིག་པའི་ནང་དུ་སོང་ཤིག།
259a5 ནམ་མཁའ་ལ་སོང་ཤིག། སའི་ནང་དུ་སོང་ཤིག། ཞི་བར་གྱུར་ཅིག་སྭཱ་ཧཱ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད
259a6 རངས་ཏེ།། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་དག་སེལ་ཅེས་བྱ་བའི་རིགས་སྔགས
259a7 རྫོགས་སྷོ།། རྒྱ་གར་སྐད་དུ། ཨརྱ་པ་རྣ་ཤ་བ་རིན་མཾ་ཧ་དྷ་ར་ནི། བོད་སྐད་དུ། འཕགས
259a8 པར་ཁྲོད་མ་ལོ་མགྱོན་མའི་གཟུངས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཕྱག་འཚལ་ལོ།།