| e-texts navigator |
| Wylie |
253b1 ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་བསོད་ནམས་བརྒྱ་སྟོང་དུ་མས་བརྒྱན་ཅིང་།། དེ་བཞིན་གཤེགས་པ་བྱེ་བ་དག་གིས་ཡོངས་སུ་བསྐོར་ཏེ། བརྒྱ་བྱིན་དང་།
253b2 ཚངས་པ་དང་། འཇིག་རྟེན་བསྐྱོང་བ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགསོ།། ལྷ་མོ་ཆེན་མོ་དཔལ་ལ་གཟིགས་ནས། ཚངས་པ་ཆེན་པོའི་གསུང་གིས་བྱང་ཆུབ་སེམས་དཔའ
253b3 སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོ་འམ། བློན་པོ་འམ། དགེ་སློང་ངམ། དགེ་སློང་མའོ།།
253b4 དགེ་བསྙེན་ནམ། དགེ་བསྙེན་མ་འམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། རྨངས་རིགས་གང་ལ་ལས་ལྷ་མོ་ཆེན་མོ་དཔལ་གྱི་མིང་བརྒྱ་རྩ་བརྒྱད་དྲི་མ་མེད
253b5 པར་གྲགས་པ་ཞེས་བྱ་བའི་བསྟོད་པ་འདི་འཆང་ན། རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཡུལ་དང་། སེམས་ཅན་དེ་དག་གི་འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད
253b6 ཞི་བར་འགྱུར་ཞིང་ཆོམ་རྐུན་དང་། མི་དང་མི་མ་ཡིན་པའི་འཇིག་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཐམས་ཅད་རྣམ་པར་འཕེལ
253b7 བར་འགྱུར་རོ།། རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཁྱིམ་དུ་ཡང་དཔལ་ངེས་པར་གནས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཚིག་འདི
253b8 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གསུང་འདི་ལེགས་པར་བཀའ་སྩལ་པ་ལེགསོ་ལེག་སོ།། ལེགས་ལགས་ཏེ། གང་དག་ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམས་འཛིན་པ་དང་།