e-texts navigator
Collection
Volume
Page
Wylie

253a1 བྱུང་སེཾས་དཔའ་མོས་དཔའ་ཆེན་པོ་རྣ་མཁའི་སྙིང་པོ་དང་།
253a2 དཔའ་སེམས་དཔའ་ཆེན་པོ་སྒྲིབ་པའིམས་ཅིང་རྣམ་པར་སེལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་རྨིང
253a3 བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔ
253a4 ཆེན་པོ་འཇིག་པ་ཐམས་ཅད་སེལ་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱེད་ཀྱི་བཀྲ་ཤིས་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ
253a5 ཆེན་པོ་འཇིགས་པ་ཐམས་ཅད་སེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་ཟླ་དང་། འཇིག་རྟེན་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུ་སྟེགས་ཀྱི
253a6 བཀྲ་ཤིས་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཆེན
253a7 པོ་ཐམས་ཅད་དང་ཐབས་གཅིག་ཏུ་བཞུག་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།
253a8 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ལྷ་མོ་ཆེན་མོ་དཔལ་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས
253a9 ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཡང་མགོ་བོས་ཕྱག་འཚལ




iiif viewer powered by OpenSeadragon

252b - 253b

Texts on this page

F639 - 'phags ma lha mo chen mo dpal lung bstan pa