| e-texts navigator |
| Wylie |
252a1 @ཕྱིར་ཕྲིན་ལས་ཆེན་པོའི་ཁུར།། སྤྲོ་བར་དཀར་བ་ཀུན་ཀྱང་ཁྱོད་ཀྱིས་མཛད།། ས་དང་ཕ་རོལ་ཕྱིན་པ་བཅུ་སྤྱད་པས།། དགེ་བའི་ཚོགས་བརྟན་ཡིད
252a2 བཞིན་ལུས་བསྒྱུར།། ཞལ་གྱི་དཀྱིལ་འཁོར་ཟླ་བ་དྲི་མེད་རྒྱས།། ཐུགས་རྗེའི་སྤྱན་གསལ་འགྲོ་བའི་མིག་འབྱེད་པ།། དུས་རིང་འཇིག་རྟེན་ཀུན་ལ་བདེ་བར་གཟིགས།། དེ་ལ་ལྷ་དབང
252a3 ཚངས་མཆོག་ཤིན་དུ་འདུད།། བྱམས་ཤིང་བསོད་ལྡན་སྙིང་རྗེ་བསྐྱེད་པའི་མ།། ལྷ་མོ་མཆོག་སྟེ་འགྲོ་ཀུན་སྐྱོང་བར་དེགས།། ཐོར་ཚུགས་རི་བོ་རྩེ་འདྲ་སྤོབས་པ་འཕགས།། ཤེས
252a4 རབ་ཟབ་ཅིང་ཤེས་པའི་བརྟེན་བྱེད་ཅིང་།། རིག་པའི་གནས་ལ་མངའ་བརྙེས་ཚིག་གི་བདག། འཇིག་རྟེན་ན་ཡང་ལྷ་ཡི་ལྷར་གྱུར་པ།། སྡུག་བསྔལ་གསལ་བར་བརྩོན་པ་གཉེན་མཆོག
252a5 པས། མུ་སུ་རྟོག་གེ་པ་རྣམས་ཀུན་ཀྱང་འདད།། ཡན་ལག་རྣམ་པར་འབྱེས་ཤིང་གསུང་སྙན་པ།། ཡོན་ཏན་དྲི་མེད་བསོད་ནམས་འབར་བར་བསྒྱིངས།། རིག་པ་མཆོག་གི་དངོས
252a6 གྲུབ་སྦྱིན་མཛད་པས།། བློ་མྱུར་ཚིག་འཆང་སྤོབས་པའི་མཆོག་སྩོལ་ཅིག། སེམས་ཅན་ཀུན་ལ་རྟག་ཏུ་ཕན་སེམས་པ།། མི་སྐུ་མཆོག་ཁྱེད་རྣལ་གྲོལ་ས་ལ་བཞུགས།། ཐུགས་དམ
252a7 བརྟན་བཅས་བསྐུལ་བ་རྣམས་ལ་ཡང་།། དཔལ་གྱིས་དགོངས་ཤིག་དོན་ཀུན་ཉེ་བར་དགོངས།། ཇི་ལྟར་འཇིག་རྟེན་དག་ན་སྣང་བ་ཀུན།། སྒྲ་འཇོམས་ཁྱད་པར་ཚིག་གིས་དོན་མཚོན
252a8 ཏེ། ཕན་ཚུན་ཤེས་ཤིང་ཡང་དག་པར་བརྡ་སྤྲོད་པ་འམ།། དབྱངས་ཅན་ཁྱོད་ཀྱི་མཐུ་སྟོབས་བསམ་མི་ཁྱབ།། གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་བརྙེས་པ།། དམ་ཚིག་བདེན་གྲུབ