| e-texts navigator |
| Wylie |
228b1 བྱའོ།། དེ་དག་གི་མཆོད་རྟེན་དུ་རིག་པར་བྱའོ།། དེ་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་དེའི་ནུབ་མོ་ནམ་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ལ་ལྷའི
228b2 མེ་ཏོག་དང་། གོས་དང་རྒྱལ་མཚན་ལ་སོགས་པས་མཆོད་པ་དང་། བསྟི་སྟང་དུ་བྱས་པ་ནས། དེ་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུ
228b3 ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་འདི་ནི་མཐུ་ཆེ་ཞིང་ཕན་ཡོན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་གང་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་དེའི་སླད་བཞིན
228b4 དུ་འབྲང་ཞིང་། ཀུན་དུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པའི་སླད་དུ་གནས་པར་བགྱིའོ།། སེམས་ཅན་དམྱལ་བ་ཐམས་ཅད་ལས་དེ་བཟློག་པར་བགྱིའོ།། བཅོམ་ལྡན་འདས་བདག་ནི
228b5 བྱས་པ་བཟོ་བར་བགྱིད་ཀྱི། བྱས་པ་མི་བཟོ་བར་མི་བགྱིད་དོ།། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས
228b6 གསོལ་ཏོ།། བཅོམ་ལྡན་འདས་གཟུངས་འདིའི་ཆོ་ག་ཞིབ་མོ་དང་བགྱི་བའི་ཆོ་གའི་ཚུལ་རྒྱས་པར་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་དག་ལ་འདི
228b7 ཅེས་བཀའ་སྩལ་ཏོ།། ཉོན་ཅིག་དང་གཟུངས་འདིའི་བྱ་བའི་ཆོ་གའི་ཚུལ་བཤད་པར་བྱའོ།། རྨི་ལམ་ངན་པའི་ཕྱིར་ཉོན་ཅིག་པའི་ཆོ་ག་སེམས་ཅན་ཆེ་ཐུང་བའི་དོན་གྱི་ཕྱིར་དང་། རིགས་ཀྱི་བུ་དང་རིག
228b8 ཀྱི་བུ་མོས་ཚེས་བཅཝོ་ལྔའི་ཟླ་བ་མཁྲུས་བྱས་ཏེ་གོས་གཙང་མགོན་ནས་བསྙུང་བ་བྱས་ཏེ། ལན་སྟོང་བཟླས་བརྗོད་བྱས་ན། དེས་སེམས་ཅན་ཚེ་ཟད་པ་དེ་ཡང་ཕྱིར་ནུ་རོ།། ནད་དང་བྲལ་བར་འགྱུརརོ།།