| e-texts navigator |
| Wylie |
228a1 མཆོད་རྟེན་གྱི་ནང་དུ་བཞག་པར་བྱའོ།། ལྷའི་དབང་པོ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་པ། དགེ་བསྙེན་མ་འམ།
228a2 དེ་ལས་གཞན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་རྒྱལ་མཚན་གྱི་རྩེ་མོར་བཞག་པ་མཐོང་ངམ། དེ་དང་ཉེ་བར་གནས་པར་འགྱུར་ན། ཐ་ན་དེའི་གྲིབ་མ་ཕོག་གམ།
228a3 དེའི་རྡུལ་རླུང་གིས་བཏབ་པར་གྱུར་པས་ཕོག་ན་ཡང་། ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་དང་། ངན་འགྲོར་འགྲོ་བའི་སེམས་ཅན་འཇིག་པ་ཐམས་ཅད་མི་འབྱུང་ངོ་།།
228a4 སེམས་ཅན་དམྱལ་བ་དང་། དད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་རིགས་ཐམས་ཅད་དུ་མི་སྐྱེ་བར་རིག་པར་བྱའོ།། ལྷའི་དབང
228a5 པོ་སེམས་ཅན་དེ་ནི་དེ་དག་ཐམས་ཅད་ཀྱིས་ལུང་བསྟན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པར་རིག་པར་བྱའོ།། ལྷའི་དབང་པོ་ཤིང་བཟོ་བྱེད་པ་ལ་ཡང
228a6 ཕན་ཡོན་ཆེན་པོར་གྱུར་ན། མཆོད་པ་བྱེད་པ་དང་། རིམ་འགྲོ་བྱེད་ཅིང་། མེ་ཏོག་དང་། བདག་པ་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གདགས
228a7 དང་རྒྱ་མཚན་དང་། བ་དན་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱེད་པ་དང་། ལམ་གྱི་གཞི་མདོར་མཆོད་རྟེན་བྱས་ཏེ། གཟུངས་འདི་བཞག་ལ། ཐལ་མོ་བྱ་བའམ།
228a8 ཕྱག་འཚལ་ཞིང་། བསྐོར་བ་བྱེད་པ་ལྟ་ཅི་སྨོས་ཏེ། ལྷའི་དབང་པོ་སེམས་ཅན་དེ་ནི་སེམས་ཅན་ཆེན་པོ་ཡིན་པར་རིག་པར་བྱའོ།། དེ་དག་གི་སྲསུ་རིག་པར་བྱའོ།། ཆོས་ཀྱི་གནས་རིག་པར