e-texts navigator
Collection
Volume
Page
Wylie

227b1 ལ་ཆེན་པོ་ལྟ་བུར་སྐྱེའོ་ཞེས་ང་སླའོ།། ལྷའི་དབང་པོ་དེ་ལྟར་ན་གཟུངས་འདིའི་མཐུས་བྱང་ཆུབ་སྙིང་པོ་མཐར་ཐག་གཅེར་བུ་སྐྱེ་བ་ཡོངས་སུ་དག་པ་ཆེན་པོ་ཐོབ་སྟེ།
227b2 ལྷའི་དབང་པོ་བཟུང་འདི་དེ་ལྟར་མཐུ་ཆེ་བ། ཕན་ཡོན་ཆེ་བ། མཐུ་སྟོབས་ཆེ་བ། དགེ་བ་ཤིས་པ་ཡིན་ཏེ། ལྷའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། གཙུག་གཏོར
227b3 རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་འདི་བཞག་གོ།། འདི་ལྟ་སྟེ། དཔེར་ན་ནོར་བུ་ཉི་མའི་སྙིང་པོ་ཤིན་དུ་དྲི་མ་མེད་པ་ན་མཁའ་ལྟར
227b4 ཡོངས་སུ་དག་པའོ།། འོད་གསལ་བ་ནི་འོད་ཀྱི་སྣང་བས་འབར་བཞིན་དུ་འདུག་གོ། ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེ་ཡང་གོས་པ་མེད་པར་བྱའོ།། འདི་ལྟ་སྟེ་དཔེར
227b5 ན་འཛམ་བུའི་ཆུ་བོའི་གསེར་ནི་ཤིན་དུ་ཡོངས་སུ་དག་པ། ཤིན་དུ་མཉེན་པ། ཤིན་དུ་སྡུག་པའོ།། ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེ་ཡང་ཡོངསུ་དག་པར་རིག་པར་བྱའོ།།
227b6 ཚེ་རབས་གཞན་དུ་དེ་བཞིན་དུ་སྐྱེ་བར་འགྱུར་རོ།། ལྷའི་དབང་པོ་གང་ན་གཟུངས་འདི་རབ་དུ་སྟོན་པ་དང་། བྱེ་བྲག་ཏུ་ན་ཡི་གེར་འབྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་།
227b7 འདོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། མཆོད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཉན་པ་དང་། འཛིན་པར་གྱུར་པ་དང་། འགྲོ་བ་ཐམས་ཅད་ཡོངསུ་དག་པར་འགྱུར། སེམས
227b8 ཅན་དམྱལ་བ་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ།། ལྷའི་དབང་པོ་གཟུངས་འདི་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་ལ་བཞག་པར་བྱའོ།། རི་འཐོན་པོའམ། ཁང་པ་འཐོན་པོ་ལྔ།




iiif viewer powered by OpenSeadragon

227a - 228a

Texts on this page

F631 - 'phags pa ngan 'gro thams cad yongs su sbyong ba gtsug tor rnam par rgyal ba zhes bya ba'i gzungs