| e-texts navigator |
| Wylie |
227a1 བསྒོམ་པ་དང་། དྲན་པར་བྱ་བ་དང་། མཆོད་པ་དང་། བཟུང་བ་དང་། ཀུན་ཆུབ་བྱ་བ་དང་། དེ་ལྟར་ལྷའི་གནས་ཐམས་ཅད
227a2 དུ་འཁོད་པའི་ལྷའི་བུ་རྣམས་དང་། འཛམ་བུའི་གླིང་དུ་སེམས་ཅན་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་གཟུངས་འདི་དང་། ཕྱག་རྒྱ་དང་ཧྱ་ཡོངས་སུ་གཏད་པ་ཡིན་ནོ།།
227a3 ཕྱིར་ལྷའི་དབང་པོ་ཁྱེད་ཀྱིས་ཡང་དག་པར་བཟུང་བར་བྱའོ།། ལྷའི་དབང་པོ་གཟུངས་འདི་ལན་གཅིག་ཐོས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡོངསུ
227a4 བྱང་བར་འགྱུར་རོ།། སྐྱེ་བར་སྐྱེ་བ་སྣ་ཚོགས་པ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན
227a5 གྱི་རིས་དང་། འདི་ལྟ་སྟེ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲེལ་པོ་དང་། བརྗེད་བྱེད་དང་། ཁྱི་དང་། རུས་སྦལ
227a6 དང་། སྦྲུལ་དང་། གཅན་ཟན་མི་བཟད་པ་དང་། བྱ་དང་། སྦྲང་བུ་དང་། སྦྲང་མ་དང་། སྡིག་སྦྲུལ་དང་། གྲོག་སྦུར་ལ་སོགས་པའི་རིགས་རྣམས་སུ་མི་སྐྱེ་བར་རིགས་པར
227a7 བྱའོ།། གཞན་དུ་དེ་བཞིན་གཤེགས་པ་དང་ཕྲད་པ་དང་། བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བ་དང་། རིགས་ཆེན་པོར་སྐྱེ་བ་དང་། དེ་ལ་རིགས་ཆེན་པོར་སྐྱེ་བ་གང་ཞེ་ན། བྲམ
227a8 ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའམ། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་འམ། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའམ། ཚོང་དཔོན་གྱི་རིགས་ཤིང་ས