| e-texts navigator |
| Wylie |
226b1 ས་མན་ཏཱ་ར་སྲི་བ་ཤུད་དྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨདྷིཥྛ་ན། ཨ་དྷིཥྛི་ཏེ། མུ་ཏྲ་མུ་ཏྲེ་སྭཱ་ཧཱ།། ལྷའི་དབང་པོ་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བ
226b2 གཟུངས་འདི་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྡིག་པ་དང་སྒྲིབ་པ་ཐམས་ཅད་སྤྱོང་པ། བདེ་འགྲོའི་ལམ་དུ་འགྲོ་བ། ངན་སོང་ཐམས་ཅད་རྣམ་པར་འཇིག་པར་བྱེད
226b3 པ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་གང་གི་ཀླུང་གི་བུམ་ཕྲག་བྱེ་བ་བརྒྱ་བཅུ་རྩ་བདུན་གྱི་བྱེ་མ་སྙེད་ཀྱིས་གསུངས། བྱིན་གྱིས་བརླབས་པ། རྗེས་སུ་ཡིད་རངས་པར་མཛད
226b4 པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བཏབ་སྟེ། སེམས་ཅན་ཐམས་ཅད་བདེ་འགྲོར་འགྲོ་བ་དང་། ངན་འགྲོར་ལྷུང་བ་རྣམས་བཟློག་པ་དང་། སེམས་ཅན
226b5 དམྱལ་བ་ཐམས་ཅད་དང་། དད་འགྲོའི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་ཏེ། སྡུག་བསྔལ་གྱི་གནས་ཐམས་ཅད་དུ་སྡུག་བསྔལ་ཞིང་ཉམསང
226b6 བར་གྱུར་པ་རྣམས་དང་། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་གསུངས་པའོ།། དེ་བཞིན་དུ་སེམས་ཅན་ཚེ་ཐུང་ཞིང་སྐལ་བ་ཆུང
226b7 བསྨད་པ་དང་། སྣམ་སྣ་ཚོགས་པའི་སྐྱེ་བར་ལྷུང་བ་རྣམས་དང་། བསམ་པ་ཉམས་པ་དང་། སེམས་ཅན་ལམ་ལས་ཉམས་པ་རྣམས་ཀྱི་དོན་ཏུ་གཟུངས་འདི་འཛམ་བུ་གླིང
226b8 དུ་བཞག་གོ། ལྷའི་དབང་པོ་ཁྱེད་ཀྱིས་གཟུངས་འདི་ཟུང་ལ་ལྷའི་བུ་ཤིན་དུ་བརྟན་པ་ལ་སྒྲོགས་ཤིག་བསྒྲགས་ནས་ཀྱང་། འདོན་པ་དང་། ཁ་ཏོན་དུ་བྱ་བ་དང་། བསམ་པ་དང་།