| e-texts navigator |
| Wylie |
225b1 སྦྱོང་བ་ཐོས་མ་ཐག་ཏུ་སྒྲིབ་པ་བྱང་བར་གྱུར་པ་དང་། སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་ཆེ་རྗེ་བ་ཤིན་དུ་མང་པོ་དག་འཇིག་པར་བྱེད་པའོ།། སྐྱེ་བ་ཡོང་སུ་དག་པའི་རྒྱུད་ཐོབ་པར་འགྱུརོ།།
225b2 ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ།། ལྷའི་འཇིག་རྟེན་ནས་ལྷའི་འཇིག་རྟེན་དུ་འགྲོ་བར་གྱུར
225b3 ཏེ། ལྷའི་གནས་སུམ་བཅུ་རྩ་གསུམ་ཀྱི་བར་དུ་འགྲོ་བར་བྱའོ།། ལྷའི་དབང་པོ་དེ་བརྗོད་མ་ཐུག་ཏུ་ཚེ་ཟད་པའི་མི་ཆེ་ཕྱིར་ནོར་པར་འགྱུར་ལྷས་ཐོབ་པར་འགྱུར་རོ།། ལུས་དང་ངག་དང་།
225b4 ཡིད་ཀྱི་ལས་ཡོངས་སུ་བརྩེགས་པ་བདེ་བར་རེག་པ་ལ་གནས་པས་གནས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་གཟིག་སོ།། དེ་དག་ཀྱང་དེ་ལ་རྟག་ཏུ
225b5 རྒྱུན་མི་འཆད་པར་བསྲུང་བ་དང་བསྐྱབས་པ་དང་སྦ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སེམས་པར་འགྱུར་རོ།། བརྗོད་པ་ཙམ་གྱིས་སེམས་ཅན་དམྱལ
225b6 བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཐམས་ཅད་སྐེམས་པར་འགྱུར།། རྣམ་པར་ཐར་པར་འགྱུར། རྣམ་པར་སྤེལ་བར་འགྱུར།
225b7 སྟོང་པར་འགྱུར་རོ།། དེ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། ལྷའི་གནས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ཀྱི་སྒོ་རྣམས་ཕྱེ་བར་འགྱུརརོ།།
225b8 དེ་གང་འདོད་པ་དེར་འཇུག་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་དེ་བཀའ