| e-texts navigator |
| Wylie |
225a1 རྫོགས་པའི་སངས་རྒྱས་མ་རྟོགས་པར། དེའི་སྐྱབས་དང་དཔུང་གཉེན་དུ་འགྲོ་བ་གཞན་མེད་དོ་སྙམ་དུ་བསམས་སོ།། དེ་ནས་ལྡན
225a2 དབང་པོ་བརྒྱ་བྱིན་དེའི་སྲོད་ལ་མེ་ཏོག་དང་། བདུག་སྤོས་དང་། གོས་དང་། རྒྱན་སྣ་ཚོགས་ལ་སོགས་པ་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི
225a3 ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། ལན་བདུན་བསྐོར་བ་བྱས་ན་མཆོད་རྟེན་པ་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། ལྷའི་བུ་ཤིན་དུ་བརྟན་པའི་འགྲོ་བ་བདུན
225a4 པོ་འདི་དག་བཅོམ་ལྡན་འདས་ལ་ཞིབ་ཏུ་གསོལ་ཏོ།། ། ལྷའི་དབང་པོ་བརྒྱ་བྱིན་ལ་འདུས་པ་དེ་དག་གི་གསོལ་མ་ཐག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱིས་གཙུག་གཏོར་ནས་འ
225a5 ཟེར་སྣ་ཚོགས་ཕྱུང་སྟེ། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ཀྱི་ཞལ་ཀྱི་སྒོར་ཞུ་གསོ།། དེ་ནས་བཅོམ་ལྡན་འདས
225a6 ཀྱིས་འཛུམ་པ་མཛད་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་དབང་པོ་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་དེ་བཞིན་གཤེགས་པས་སྐྱེ
225a7 ཁོ་ནས་དབང་བསྐུར་བ། ངན་འགྲོ་ཐམས་ཅད་ལོངས་སྦྱོང་བ་སྲིད་པ་དང་སྡུག་བསྔལ་བར་བྱེད་པ་ཐམསས་ཅད་འཇིག་པར་བྱེད་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས
225a8 དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྤོང་བའི་བདེ་འགྲོའི་ལམ་དུ་འཇུག་པ་ཡོད་དེ། ལྷའི་དབང་པོ་དེ་ལྟ་བས་ན་གཙུག་གཏོར་རྣམ་པར་རྒྱལ་བ་ངན་འགྲོ་ཐམས་ཅད་ཡོངས