| e-texts navigator |
| Wylie |
224b1 ད་བད་ང
224b2 དེ་ནས་ལྷའི་བུ་དེས་སྒྲ་དེ་ཐོས་ནས་འཇིགས་སྐྲག་སྔངས་ཏེ་སྤུ་ཟིངས་ཞེས་བྱེད་པར་གྱུར་ནས། དེ་རིང་པ་རིང་པོར་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི
224b3 རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ།། བརྟབས་པར་སྨྲ་ཞིང་དེ་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲེ་སྔགས་འདོན་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་དབང་པོ་བདག་ལྷ
224b4 བུ་མོའི་ཚོགས་ཀྱིས་བསྐོར་ཏེ། ལྷའི་ལོངས་སྤྱོད་ཀྱིས་དགའ་བརྩེ་ཞིང་བདེ་བ་མྱོང་བ་ལས་སྒྲ་ཞིག་ཐོས་པས། ལྷའི་བུ་ཤིན་དུ་བརྟེན་པ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ།
224b5 འཛམ་བུའི་འང་དུ་སྐྱེ་བར་འགྱུར་རོ།། དེར་ཡང་འགྲོ་བ་བདུན་པོ་མྱོང་ནས་སེམས་ཅན་དམྱལ་བར་འགྱུར་རོ།། བརྒྱ་ལ་ནམ་ཞིག་མིར་སྐྱེ་བར་གྱུར་ན་ཡང་དེར་དབུལ་པོར་འགྱུར་ཞིང་རྨ་ལོང་།
224b6 དུ་ཡང་འགྱུར་རོ།། ཞེས་ཐོས་ནས་ལྷའི་དབང་པོ་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ཤིན་དུ་བརྟན་པའི་ཚིག་དེ་ཐོས་ནས་ཤིན་དུ་ངོ་མཚར
224b7 དུ་འཛིན་པར་གྱུར་ཏེ། ལྷའི་བུ་འདི་ཡིས་འགྲོ་བ་བདུན་པོ་གང་དག་མྱོང་བར་འགྱུར་སྙམ་དུ་སེམས་ཤིང་། སྐད་ཅིག་ཅང་མི་སྨྲ་བར་གྱུར་པ་དང་། འགྲོ་བ་བདུན་ནི་ཕག་གི་སྐྱེ་གནས་དང་།
224b8 ཁྱི་དང་། ཝ་དང་། སྒྲོལ་བུ་དང་། སྐ་བྱ་བ་དང་། སྦྲུལ་གདུག་པ་ཅན་དང་། བྱ་རྒོད་དང་། བྱ་ཁྲ་དག་སྟེ། འགྲོ་བ་བདུན་པོ་དེ་དག་ཤིན་དུ་མི་གཙང་བ་ཟ་བ་མཐོང་ངོ་།།
224b9 དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འགྲོ་བ་བདུན་པོ་དེ་དག་མཐོང་ནས་འདི་སྙམ་དུ། ལྷའི་སྡུག་བསྔལ་མི་བཟོད་པ་ཆེན་པོ་མྱོང་བར་འགྱུར་རོ།། དེ་ལ་དགྲ་བཅོམ་པ་ཡང་དག་པར