| e-texts navigator |
| Wylie |
224a1 བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང
224a2 དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་རྣམ་པར
224a3 རྒྱལ་བ་ཞེས་བྱ་བའི་གཟུངས་རྟོགས་དང་བཅས་པ་རྫོགས་སྷོ།། རྒྱ་གར་སྐད་དུ། ཨརྱ་སརྦ་དུརྒ་ཏིཔ་རི་ཤོ་དྷ
224a4 ནི་ཨུཥྞཱི་ཥ་བི་ཛ་ཡ་ན་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་སངས་རྒྱས་དང་བྱང་ཆུབ་སེམས
224a5 ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་ལྷའི་བུ་ཤིན་དུ་བརྟན་པ་ཞེས་བྱ་བ་ཞིག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་ཆོས་བཟང་ལྷའི་མདུན་ས་ན་གནས་ཏེ། ལྷའི་གཞལ་མེད
224a6 ཆེན་པོ་ན་ལོངས་སྤྱོད་ཆེན་པོ་དང་ལྷའི་བུ་མོའི་ཚོགས་ཆེན་པོས་བསྐོར་ནས། རྩེ་དགའ་ཞིང་དགའ་མགུར་སྤྱོད་དེ། དེ་ལྷའི་ལོངས་སྤོད་མྱོང་བ་ལ། མཚན་མོ་སྒྲ་ཞིག་ཐོས་ནས་ལྔ
224a7 བུ་ཤིན་དུ་བརྟན་པ། ཞག་བདུན་གྱི་ཉིན་པར་འཆི་བའི་དུས་བྱེད་དེ། དེ་འཆི་བའི་དུས་བྱས་ནས་ཀྱང་འཛམ་བུའི་གླིང་དུ་སྐྱེ་སྟེ། དེ་ཡང་འགྲོ་བ་བདུན་པོ་མྱོང་བར་འགྱུར་རོ།།
224a8 འགྲོ་བ་བདུན་པོ་མྱོང་ནས་ཀྱང་སེམས་ཅན་དམྱལ་བ་མྱོང་བར་འགྱུར་རོ།། བརྒྱ་ལ་ནམ་ཞིག་མིར་སྐྱེ་བར་གྱུར་ན་ཡང་། དེར་དབུལ་པོར་གྱུར་ཞིང་ཆུ་ལོང་དུ་ཡང་འགྱུར་རོ་ཞེས་ཐོསོ།། །