| e-texts navigator |
| Wylie |
221a1 བློ་རྣོ་བ་དང་། ནད་མེད་པ་དང་། ཚེ་ལོ་བརྒྱ་ཐུབ་ཅིང་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་། སྐྱེ་བ་དྲན་པར་འགྱུར།
221a2 གང་གི་ཚེ་འཆི་བའི་དུས་བྱས་པ་དེའི་ཚེ། སྦྲུལ་ཤུན་བརྗེས་པ་དང་འདྲ་བར་རང་གི་ལུས་བོར་ཏེ། དེ་མཛེས་པའི་ལུས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།།
221a3 དེ་ནི་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་འགྲོར་མི་འགྱུར་རོ།། རྣ་བའི་བུག་པར་དམྱལ་བའི་སྒྲ་ཡང་ཐོས་པར་མི་འགྱུར་རོ།། འབྲས་བུ་སྲི།
221a4 པ་ལྟ་ག་ལ་འགྱུར། འདི་རྣམས་གནས་སུ་འགྲོ་བ་མེད་དོ།། དེ་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས། གཞན་ཡང་བསྒྲུབ་པའི་ཐབས་བཀའ་སྩལ་པ། གང་གིས་སོས
221a5 ཅན་ཚེ་དཔག་ཏུ་མེད་པར་འགྱུར་བ་དང་། ཉམས་པའི་འཁོར་ལས་གྲོལ་བར་བྱེད་པ་ནི་གཞོན་ནུ་ས་བཀལ་བའི་སྐུད་པ་ལ་ཚད་དང་ལྡན་པའི་མཛེས་པའི་རས་མཁས་བྱའོ།། དེ་ནས
221a6 གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ཚོན་སྣ་མ་ལུས་པས་གཟུངས་ཀྱི་ཡི་གེ་ལས་སྤྲུལ་པའི་མཆོད་རྟེན་གྱི་ནང་དུ་བྲི་བར་བྱའོ།། ཚེ་དཔག་ཏུ་མེད་པའི་འོད་ཟེར་སྟོང
221a7 གི་ཕྲེང་བ་ཅན་པད་ས་དང་ཉི་མའི་གདན་ལ་བཞུགས་པ་སྟོན་ཀའི་ཟླ་བའི་འོད་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གསུམ་པཾ། སྤྱན་གསུམ་པ། ཕྱག་བརྒྱད་པ་གཡས་པ
221a8 ཞལ་ཞི་བ་གསེར་གྱི་འོད་ཟེར་གྱི་འོད་དང་ལྡན་པའོ།། གཡོན་པའི་མཆེ་བས་མ་མཆུ་མནན་པའི་མི་བཟད་པ། ཨུད་པ་ལ་སྔོན་པོའི་འོད་ཟེར་གྱི་འོད་དང་ལྡན་པའོ།། དབུས་མ་ནི་སྲེག