| e-texts navigator |
| Wylie |
220b1 མེ་ཏོག་གིས་མཆོད་ལ་སྟོང་ཕྲག་ཅིག་གི་མཆོད་པ་ཆེན་པོ་བྱས་ཏེ། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་བསྙུང་བར་གནས་ཤིང་། སེམས་ཅན་ཐམས་ཅད་ལ་ཕན
220b2 པའི་བློ་སྟེར་ཡོན་སྦྱིན་ཏེ། སྟོང་ཕྲག་གཅིག་བཟླས་པར་བྱའོ།། ཟླ་བ་རེ་རེ་བཞིན་བྱས་ན་ཟླ་བ་དྲག་གིས་ཆེ་ལོ་སྟོང་ཐུབ་པར་འགྱུརརོ།། རྟག་ཏུ་བཟླས་བརྗོད་བྱས་ན་ཚེ་ལོ
220b3 འབུམ་ཐུབ་པར་འགྱུར་རོ།། རྟག་ཏུ་བྱས་ན་ཚེ་ལོ་མི་ཟད་པ་ཐུབ་ཅིང་སྟོབས་དང་ལྡན་པ་དང་། གང་གིས་ཀྱང་མི་ཐུབ་ཅིང་ལྷ་དང་ལྷ་མ་ཡིན་དང་མི་མཉམ་པའི་མཁའ
220b4 སྤྱོད་ཀྱི་གཙུག་གཏོར་མཆོག་ཏུ་འགྱུར་རོ།། དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནས་སུ་ས་བླངས་ལ། དྲི་ཞིམ་པོས་བསྲེས་ལ་མཆོད་རྟེན་བྱའོ།། སྟོང་ཕྲག་ག
220b5 ནས་བརྩམས་ཏེ། ཇི་སྲིད་ལྔ་འམ་གཅིག་གི་བར་དུ་བྱའོ།། ཉི་མ་རེ་རེ་ཞིང་མཆོད་རྟེན་དུ་གཏོགས་པ་གཙུག་གཏོར་རྣམ་པར་རྒྱལ་མ་ཡང་དག་པར་བཞུགསུ་གསོལ།
220b6 ཇི་སྐད་གསུངས་པའི་མཆོད་པ་རྒྱ་ཆེན་པོ་བྱས་ལ་སྟོང་ཕྲག་གཅིག་ནས་བརྩམས་ཏེ། ལན་བདུན་གྱི་བར་དུ་ཀླག་པར་བྱའོ།། ཉི་མ་རེ་རེ་ཞིང་ཚེ་དང་བློ་སྟེར་བར་བྱེད་པའི་ཆེ་དུ
220b7 བྱས་ཏེ། སེམས་ཅན་ཐམས་ཅད་ལ་ཐུན་མོངས་དུ་དགེ་བའི་རྩ་བ་སྦྱིན་པར་བྱའོ།། སེམས་ཅན་རྣམས་ལ་བཅིངས་པ་དང་བཏུང་བ་ལ་སོགས་པ་སྤང་བར་བྱའོ།།
220b8 ཟླ་བ་གཞན་རེ་རེ་ལ་མཆོད་པ་ཉིས་འགྱུར་དུ་བྱས་ལ་བརྒྱད་བརྒྱའི་བཟླས་པ་བྱ་བ་ནི་རང་ངམ་རང་འདྲ་བས་བྱའོ།། ཆོ་ག་འདི་ཡིས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་མེད་པར་འགྱུ