| e-texts navigator |
| Wylie |
219a1 ། སམ་ཤིང་ཤུན་ལ་གྷི་ཝཾ་གིས་རང་གི་མིང་དང་བཅས་པའི་གཟུགས་བྲིས་ཏེ། ཙན་དྷན་གྱི་རང་བཞིན་གྱི་མཆོད་རྟེན་ལ་བཞུགས་སུ་གསོལ
219a2 ཏེ་རང་གི་ཁྱིམ་དུ་བཞུག་ལ་རྒྱ་ཆེ་བ་སྟོང་གི་མཆོད་ཅིང་ཟླ་བ་རེ་རེ་ཞིང་བརྒྱ་ཕྲག་བརྒྱད་ཀྱི་བཟླས་པ་མཆོད་པའི་ཆོ་ག་བྱས་ན་ནད་ལས་གྲོལ་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ།། མེད
219a3 ན་འདམ་པའི་རང་བཞིན་ལ་ཡང་བྱའོ།། ཡང་གོས་གཙང་མ་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མཆོད་རྟེན་བྲིས་ལ། རྡོ་རྗེ་ཕྲེང་བས་བསྐོར་བར་བརྒྱན་པའི་དེའི་ནང་དུ་མིང་དང
219a4 བཅས་པའི་གཟུངས་ཀྱི་ཚིག་འདི་གི་ཝཾ་གིས་བྲིས་པ་ཁམ་པོར་ཁ་སྦྱར་གྱི་ནང་དུ་བཞུགས་སུ་གསོལ་ལ། རང་གི་ཁྱིམ་དུ་བཞག་སྟེ་མཆོད་པ་རྒྱ་ཆེན་པོས་མཆོད་པ་བྱས་ན་རྟག་ཏུ
219a5 བསྲུང་བར་འགྱུར་རོ།། གཞན་ཆོ་ག་ནི་ས་ལ་མ་ལྷུང་བའི་ལྕི་བས་མཎྜལ་གྲུ་བཞི་བྱས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ། འཚམས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ།
219a6 ཨ་ཀ་རུ་དང་དུ་རུ་སྐའི་བདུག་པ་བྱས་ལ། དེ་བཞིན་དུ་དྲི་ཆུས་བཀང་བའི་སྣོད་མེ་ཏོག་དཀར་པོས་བརྒྱན་པའི་གཟུངས་ཀྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནམ་སྐུ་གཟུགས་བཞུགས
219a7 སུ་གསོལ་ལ། དེ་ལ་གཡོན་པའི་ལག་པས་རེག་སྟེ། གཡས་པའི་ལག་པས་ཕྲེང་བ་འཛིན་པས་ཉི་མ་རེ་རེ་བཞིན་ཉི་ཤུ་རྩ་གཅིག་དུ་དུས་གསུམ་དུ་བཟླས་པ་བྱས་ལ།
219a8 དེའི་ཆུ་ཁྱོར་བ་གསུམ་འཐུངས་ན་ནད་མེད་པ་དང་། ཚེ་རིང་བ་དང་། དགྲ་ཡོངསུ་ཉམས་པ་དང་། འཛིན་བློ་རྣོ་བ་དང་། ངག་བཙུན་པར་འགྱུར་རོ།། སྐྱེ་བ་དང་སྐྱེ་བ་དྲན་པར