| e-texts navigator |
| Wylie |
52a1 པར་བྱ་བ། བཅོམ་ལྡན་འདས་ལ་ཡོངསུ་ཞུ་བར་བྱའོ་སྙམ་དུ་སེམས་སོ།། དེ་ནས་བྲམ་ཟེ་ཆེན་པོ་ཁྱབ་འཇུག་བྱིན
52a2 གྲོང་ཁྱེར་དམར་བུ་ཅན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི
52a3 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་གཅིག་གིས་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་ཅིང་། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
52a4 ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དཀོན་མཆོག་གསུམ་དང་ཐུན་མོང་དུ་འགྱུར་བར་སྔོ་ཐོག། བཅོམ་ལྡན་འདས་ཇི་ལྟར་ན་བདག་གིས་བུ་བརྙེད་པར
52a5 འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ཀྱི་ཞུ་བ་ལེགས་པར་ཞུས་པ་ལེགས་སོ་ལེགས་སོ།། བྲམ་ཟེ་ཆེན་པོ་ཁྱོད་ཀྱི་ཞུ་བའི
52a6 གཞི་བཟང་པོ་ཞུས་པ་ཡང་ལེགས་སོ།། དེ་ལྟ་བས་ན་ངས་ཅི་ཙམ་དུ་ཡོངསུ་སྒྲུབ་པ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བྲམ་ཟེ་ཆེན་པོ།
52a7 བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས་གང་གིས། ཁྱོད་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པར་འགྱུར་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར
52a8 འགྱུར་བ་ཡོད་དེ། བྲམ་ཟེ་ཆེན་པོ་སྔོན་བྱུང་གྲོང་ཁྱེར་དམར་བུ་ཅན་གྱི་ཤར་སྐེའི་ཕྱོགས་ཤིག་ན། ལྷ་མ་ཡིན་གྱི་གནས་ཞེས་བྱ་བའི་སྐྱེད་མོས་ཚལ་ཞིག་ཡོད་དེ།