e-texts navigator
Collection
Volume
Page
Wylie

50a1 འདས་ཀྱི་སྡིག་པ་དེ་དག་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ལུས་ནི་ཡེ་ནས་ཡོད་པའི་ལུས།། ཡན་ལག
50a2 ལྔ་ཡང་ཡེ་ནས་ཚང་།། སྐྱེ་ཡང་ཡེ་ནས་རང་སྐྱེས་ཏེ།། ཤི་ཡང་ཡང་ནས་རང་ཤིའོ།། ད་ལྟར་གནས་པའི་ཚེ་འདི་ཡང་།། རིང་པོར་འདོད་ཀྱང་རིང་མི་འགྱུར།། ཐུང་ངུར
50a3 འདོད་ཀྱང་ཐུང་མི་འགྱུར།། བདེ་སྐྱིད་ཁྱོད་ཀྱིས་རང་མྱོང་སྟེ།། ཡང་དག་ལོག་པ་ཁྱོད་ཀྱི་དབང་།། འདུ་བྱེད་ལས་དག་གང་བྱེད་པ།། གཞན་ལ་མ་དྲི་མདོ་སྡེ་ལྷོགས།།
50a4 ནམ་ནམ་ཞ་ཞའི་བར་དུ་ཡང་། ལམ་ཐོབ་ཆོས་ཀྱི་འཁོར་ལོ་བསྐོར།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་གསུངས་པ་ན། འཁོར་མང་པོ་ཐམས་ཅད་ངོ་རྒྱུར་གྱུར
50a5 ཏེ་སེམས་ཡིད་གསལ་བ་ཐོབ་ནས། རབ་ཏུ་དགའ་མགུ་ཡིད་རངས་ཏེ། ཐམས་ཅད་ཀྱི་མཚན་དང་མཚན་མ་ཡིན་པ་ཐོབ་སྟེ། སངས་རྒྱས་ཀྱིས་མཁྱེན་ཅིང
50a6 གཟིགས་པ་ལ་ཞུགས་སངས་རྒྱས་ཀྱི་མཁྱེན་པ་གཟིགས་པ་རྟོགས་ཀྱང་ཞུགས་པ་ཡང་མེད། མཐོང་བ་ཡང་མེད་ཤེས་པ་ཡང་མེད་དེ། ཆོས་གཅིག་ཀྱང་མ་མཐོང
50a7 བ་ནི་མྱ་ངན་ལས་འདས་པ་དབེན་པའི་དབྱིངས་ཞེས་བྱའོ།། འཕགས་པ་སྣང་བརྒྱད་ཅེས་བྱ་བའི་རིག་སྔགས་ཀྱི་མདོ་རྫོགས་སོ།།
50a8 ། རྒྱ་གར་སྐད་དུ། བོ་དྷི་མཎྜ་ཨ་ལ་མ་ཀ་ར་ན་མ་དྷ་ར་ནི་ཨུ་པ་ཙ་ཡཱ། བོད་སྐད་དུ། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་འབུམ་ཅེས་བྱ་བའི་གཟུངས་ཀྱི




iiif viewer powered by OpenSeadragon

49b - 50b

Texts on this page

F549 - 'phags pa snang rgyas ces bya ba'i sngags kyi mdo
F550 - byang chub snying po'i rgyan 'bum zhes bya ba'i gzungs