| e-texts navigator |
| Wylie |
49b1 ཁང་ཁྱིམ་གསར་དུ་བརྩིགས་པའི་ཉིན་པར་མདོ་སྡེ་འདི་ལན་གསུམ་བཀླགས་ན། བཀྲ་ཤིས་ཆེན་པོར་འགྱུར་ཞིང་བསོད་ནམས་ཚད་མེད་པ་ཐོབ་པོ།། རིགས་ཀྱི་བུ་མདོ
49b2 སྡེ་ལན་ཅིག་བཀླགས་ན། མདོ་སྡེ་ཐམས་ཅད་བཀླགས་པ་དང་འདྲའོ།། མདོ་སྡེ་འདི་ལན་ཅིག་བྲིས་ན། མདོ་སྡེ་ཐམས་ཅད་བྲིས་པ་དང་འདྲའོ།། འདི་བསོད་ནམས་ནི
49b3 དཔག་ཏུ་མེད་བརྗོད་དུ་མེད་ཅིང་། ནམ་མཁའ་དང་འདྲ་བར་མཐའ་མེད་དེ།། མི་དེས་འཕགས་པའི་ལམ་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ
49b4 ཆེན་པོ་ལུས་མཐའ་མེད་པ་འདི་ལྟར་རིག་པར་བྱས་སྟེ། སེམས་ཅན་གང་ཞིག་ཆོས་ལ་མ་དད་པ་དང་། ལོག་པར་ལྟ་བ་ནི། མདོ་སྡེ་འདི་ཐོས་ན་མདོ་སྡེ་འདི་ནི་སངས
49b5 རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྐུར་པ་འདེབས་ཏེ། མི་དེའི་ལུས་ལ་འཛེ་དང་། ཤུ་བ་མ་རུངས་པ་རྣམས་དང་། རྣག་ཁྲག་ཀུན་ནས་འཛག་པ་དང་།
49b6 བཙོག་ཅིང་རྣམ་པ་ཀུན་གྱིས་མི་འདོད་པའི་ནད་ཀྱི་ཐབས་ཤིང་། ཤི་ནས་ཀྱང་མནར་མེད་པའི་དམྱལ་བར་ལྷུང་སྟེ། སྟེང་གི་མི་ནི་འོག་ཏུ་ཐལ། འོག་གི་མེ་ནེ་སྟེང
49b7 དུ་ཐལ་ཏེ། མདུང་དང་ཤག་ཏིས་ལུས་ལ་བཙགས་པ་དང་། ཁ་ནས་ལྕགས་ཁུ་བླུགས་པ་དང་། རྩ་དང་རུས་པ་ཡང་ཞིག་སྙམ་པ་དང་། ཉིན་ཞག་རེ་ལ་ལན
49b8 བདུན་ཁྲིན་འཆི། ལན་བདུན་ཁྲི་ནི་འཚོ་སྟེ། སྡུག་བསྔལ་ཆེན་པོ་རྒྱུན་ས་ཆད་པ་འབྱུང་།། དེ་ཡང་མདོ་སྡེ་འདི་ལ་སྐུར་པ་བཏབ་པའི་ཕྱིར་འདི་འདྲ་བ་ཞིག་སྤོང་།། དེ་ནས་བཅོ་ལྡན