e-texts navigator
Collection
Volume
Page
Wylie

49a1 མཛད་ལྷུན་གྱི་གྲུབ་པའི་སངས་རྒྱས་དང་། རྣམ་པར་སྣང་མཛད་འོད་ཟེར་གྱི་སངས་རྒྱས་དང་། རྣམ་པར་སྣང་མཛད
49a2 གཟུགས་བརྙན་གྱི་སངས་རྒྱས་སུ་སྟོན་ཏོ།། ཡིད་ནི་རྣམ་པར་ཤེས་པའི་གནམ་ཡིན་ཏེ། རྣམ་པར་ཤེས་པའི་མི་རྟོག་པའི་གནམ་དུ་མི་གཡོ་བ་དེ་བཞིན་གཤེགས་པ
49a3 དང་། འོད་ཟེར་ཆེན་པོའི་དེ་བཞིན་གཤེགས་པར་སྟོན་ཏོ་སེམས་ནི་ཆོས་ཀྱི་དབྱིངས་ཀྱི་གནམ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་གནམ་དུ་སྟོང་པའི་རྒྱལ་པོ་ཞེས་བྱ་བ།
49a4 མཚན་ཡང་ན་མཁའ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ།། བསྐལ་པའི་མིང་ནི་ཡོངས་སུ་རྫོགས་པ
49a5 ཞེས་བྱ། ཡུལ་གྱི་མིང་ནི་མཐའ་མེད་པ་ཞེས་བྱ་ཏེ། དེ་ན་གནས་པའི་མི་ཐམས་ཅད་ཀྱང་བདག་གིས་བྱ་བ་མེད་པར་རྩོད་པ་མེད་པར་ཏིང་ངེ་འཛིན་ཐོབ་པོ།། དགེ་སློང
49a6 ཕ་དང་། དགེ་སློང་མ་དང་། དགེ་བསྙེན་པ་དང་། དགེ་བསྙེན་མ་དྲུག་ཁྲི་དྲུག་སྟོང་ནི་གཟུངས་ཆེན་པོ་ཐོབ་པར་གྱུར་ཏོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང
49a7 དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་གྲངས་མེད་པ་ནི། ཆོས་ལ་ཆོས
49a8 ཀྱི་མིག་རྣམ་པར་དག་པ་ཐོབ་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་རོ།། རིགས་ཀྱི་བུ་གང་ཞིག། ཡིད་གཙང་ངམ་ཐབས་ཐོབ་པའི་ཉིན་པར་རམ།




iiif viewer powered by OpenSeadragon

48b - 49b

Texts on this page

F549 - 'phags pa snang rgyas ces bya ba'i sngags kyi mdo