e-texts navigator
Collection
Volume
Page
Wylie

48b1 དང་། མྱ་ངན་ལས་འདས་པའི་མདོ་སྡེ་ཆེན་པོ་བྱུང་ངོ་།། ཡིད་ཀྱི་རྣམ་པར་ཤེས་པའི་གནས་ལས་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འགྲེལ་པའི་མདོ་སྡེ་དང་། རྣལ་འབྱོར
48b2 སྤྱོད་པའི་མདོ་སྡེ་བྱུང་ངོ་།། རིགས་ཀྱི་བུ་ཡང་དག་པར་ན་སངས་རྒྱས་ཉིད་ཀྱང་ཆོས་ཡིན་ལ། ཆོས་ཀྱང་སངས་རྒྱས་ཉིད་ཡིན་ཏེ། མཚན་ཉིད་གཅིག་པ་ལས་རྒྱལ་བས་ཡེ
48b3 ཤེས་རྟོགས་པ་ཆེན་པོར་དེ་བཞིན་གཤེགས་པས་བསྟན་ཏོ།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཆེན་པོ་འདི་གསུངས་པ་ན་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཏེ། འོད་ཟེར
48b4 གྱི་ཐལ་ལེ་བར་མཐའ་མེད་པར་སྣང་བར་བྱས་ནས། མུན་ནག་ཐམས་ཅད་ཀྱང་འོད་ཟེར་གྱིས་སྣང་བར་བྱས། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་སྡུག་བསྔལ་ཞི་ཞིང
48b5 ཐར་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏོ།། དེའི་ཚེ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་སྙེད་དུས་གཅིག་ཏུ་སངས་རྒྱས་སུ
48b6 གྲུབ་ནས། ཉི་ཟླའི་འོད་ཟེར་བྱ་བའི་སངས་རྒྱས་སུ་ལུང་སྟོན་ཏོ།། རྣ་བ་གཉིས་ནི་སྒྲ་ཐོས་པའི་གནམ་ཡིན་ཏེ། སྒྲ་ཐོས་པའི་གནམ་དུ་ཚད་མེད་པ་དེ་བཞིན་གཤེགས
48b7 པས་སྟོན་ཏོ།། སྣ་གཉིས་སངས་རྒྱས་ཀྱི་སྤོས་ཀྱི་གནམ་ཡིན་ཏེ། སངས་རྒྱས་ཀྱི་སྤོས་ཀྱི་གནམ་དུ། སྤོས་བརྩེགས་པ་དེ་བཞིན་གཤེགས་པར་སྟོན་ཏོ།། ཁ་དང་།
48b8 ལྕེ་ནི་ཆོས་ཀྱི་རོའི་སྣོད་ཡིན་ཏེ། ཆོས་ཀྱི་རོའི་སྣོད་དུ་ཆོས་ཀྱི་རོའི་དེ་བཞིན་གཤེགས་པར་སྟོན་ཏོ།། ལུས་ནི་རྣམ་པར་སྣང་མཛད་ཀྱི་སྣོད་ཡིན་ཏེ། རྣམ་པར་སྣང




iiif viewer powered by OpenSeadragon

48a - 49a

Texts on this page

F549 - 'phags pa snang rgyas ces bya ba'i sngags kyi mdo