e-texts navigator
Collection
Volume
Page
Wylie

48a1 བསྟན་ཏེ་རྟོགས་ཤིང་ཁོང་དུ་ཆུད་པ་དང་། སངས་རྒྱས་ཀྱི་མཁྱེན་ཅིང་གཟིགས་པ་ལ་ཐེ་ཚོམ་ཡོངས་སུ་བཅད་དུ་གསོལ།
48a2 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། ཁྱོད་རྟོགས་པར་ཉོན་ཅིག་དང་། ཁྱོད་ལ་སྣང་བརྒྱད་ཀྱི་མདོ་འདི་བསྟན་པར་བྱའོ།།
48a3 སྣང་བརྒྱད་ཅེས་བྱ་ནི་རྣམ་གྲངས་སོ།། ཐེག་པ་ཆེན་པོ་འདས་མ་བྱས་ཀྱིས་ཆོས་གསལ་བར་རིག་ཅིང་། རྣམ་པར་ཤེས་པ་བརྒྱད་རྒྱུ་དང་། རྐྱེན་སྟོང་པ་དམིགས་མེད་པ
48a4 རྣམ་པར་འབྱེད་པའོ།། གཞན་ཡང་རྣམ་པར་ཤེས་པ་བརྒྱད་ཀྱི་རྒྱུ་དང་། རྐྱེན་སྣང་ཞིང་གསལ་བའི་སྤུན་གྱིས་མདོ་སྡེ་གྱུར་པས། སྣང་བརྒྱད་ཀྱི་མདོ་ཞེས་བྱའོ།། རྣམ
48a5 པར་ཤེས་པ་བརྒྱད་ཅེས་བྱ་བ་ནི། དབང་པོ་དྲུག་གི་རྣམ་པར་ཤེས་པ་དྲུག་སྟེ། མིག་གིས་ནི་གཟུགས་རྣམ་པར་ཤེས་པ། རྣ་བས་ནི་སྒྲ་རྣམ་པར་ཤེས་པ། སྣས་ནི
48a6 དྲི་རྣམ་པར་ཤེས་པ། ལྕེས་ནི་རོ་རྣམ་པར་ཤེས་པ། ལུས་ཀྱི་ནི་རིག་བྱའི་རྣམ་པར་ཤེས་པ། ཡིད་ཀྱིས་ནི་བྱེ་བྲག་འབྱེད་པའི་རྣམ་པར་ཤེས་པ་སྟེ། ཀུན་བཞིའི
48a7 རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བརྒྱད་དོ།། རྣམ་པར་ཤེས་པ་བརྒྱད་ཀྱི་རྩ་བ་སྟོང་ཞིང་ཅི་ཡང་མེད་པར་རྟོགས་ན། མིག་གཉིས་འོད་སྣང་བའི
48a8 གནམ་ཡིན་པར་ཤེས་ཏེ། འོད་སྣང་བའི་གནམ་དུ་དེ་བཞིན་གཤེགས་པས་བསྟན་ཏོ།། ཀུན་གཞིའི་རྣམ་པར་ཤེས་པའི་གནས་ལས་ནི། མདོ་སྡེ་ཨང་ག་མང་ག




iiif viewer powered by OpenSeadragon

47b - 48b

Texts on this page

F549 - 'phags pa snang rgyas ces bya ba'i sngags kyi mdo