e-texts navigator
Collection
Volume
Page
Wylie

37a1 ཀླད་པ་ན་བ་དང་། མིག་ན་བ་དང་། རྣ་བ་ན་བ་དང་། སོ་ན་པ་དང་། སྣུ་ན་པ་དང་། ལེན་པ་དང་། སྙིང་བ་དང་། ལྟོ་ན
37a2 བ་དང་། རྒྱབ་ན་བ་དང་། རྩིབ་ལོགས་ན་བ་དང་། མཆུ་སོ་ན་པ་དང་། བྱིན་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་དང་ཉིང་ལག་ན་བ་དང་། ཟས་མ་ཞུ་བ་དང་།
37a3 སྤོས་པ་དང་། མངལ་དུ་ཐོག་པ་དང་། རླུང་ལས་གྱུར་པ་དང་། ཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་ལས་གྱུར་པ་དང་། རིམས་དྲག་པོ
37a4 དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཉིན་མོའི་རིམས་དང་། རིམས་ཡུད་ཙམ་པ་དང་། མཚན་མོའི་རིམས
37a5 ཀྱི་བཏབ་པ་ལ། ཡི་གེ་དྲུག་པའི་རིག་སྔགས་འདིས་བསྲུང་བ་དང་། ཡོངས་སུ་སྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་།
37a6 བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤངས་པ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། ཆུས་གཏོར་བ་དང་། སྲད་བུས་བཅིང་བར་བྱས་པ་ལས
37a7 གང་ཞིག་འགལ་བར་བྱས་ན། དེའི་མགོ་ཨ་ཙ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་མི་འགས་པ་ནི། ཀུན་དགའ་བོ་ངས་ལྷ་དང་བཅས་པ་དང་། བདུད་བཅས་པ་དང་།
37a8 ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་།། ཨན་ད་རེ།




iiif viewer powered by OpenSeadragon

36b - 37b

Texts on this page

F545 - 'phags pa yi ge drug pa'i rig sngags