e-texts navigator
Collection
Volume
Page
Wylie

30a1 དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ
30a2 འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ
30a3 སྩལ་བ། ཀུན་དགའ་བོ་གང་ལ་ལ། ཚོགས་ཀྱི་བདག་པོ་ཚེགས་ཀྱི་དབང་ཕྱུག་གི་སྙིང་པོ་འཛིན་ན། དེའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་བཟུང་བས་དགོས
30a4 པ་ཐམས་ཅད་འགྲུབ་ཅིང་། གསང་སྔགས་ཐམས་ཅད་ཀྱང་དངོས་གྲུབ་དུ་འགྱུར་རོ།། ཏདྱ་ཐཱ། ན་མོ་སཱུ་ཏེ། མ་ཧཱ་ག་ན་པ་ཏ་ཡེ། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊེ་ཀུ་ཊ་ཀུ་ཊ།
30a5 མ་ཊ་མ་ཊ། ད་ར་ད་ར། གྲི་རྣ་གྲིཧྣ། དྷ་བ་དྷ་བ། ཛམ་བྷ་ཛ་མ་བྷ། ས་མ་ཡ་མ་ནུ་ས་མཱ་ར། ན་མོ་སྟུ་སྟེ། རུ་ཏྲ་བ་ཙ་ནི་ཡེ་སྭཱ་ཧཱ། ཨ་བྷ་ཏྲི་བྷིན་དྷུཀྵཱ་བྷ། ཙིཏྟ་ར་ན་བྷ།
30a6 ས་མ་ག་ཆུང་བ། མཧཱ་མཱ་པ། མཧཱ་བ་ལ། མ་ཧཱ་བ་ཏི། དཉྫ་ནི་གཱ། པྲ་ཀོ་པ་པ་སཾ། ཏདྱཐཱ། ཨོཾ་ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུན་རུ། ན་མོ་ན་མ་སྭཱཿ།
30a7 ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གིས། ཚོགས་བདག་ཀྱི་བདག
30a8 པོ།། ཚོགས་ཀྱི་དབང་ཕྱུག་གིས་སྙིང་པོ་འདི་བཅོམ་ཞིང་། གསང་སྔགས་སྒྲུབ་པ་འམ། དཀོན་མཆོག་གསུམ་མཆོད་དུ་ཡུལ་གཞན་དུ་འགྲོ་འམ། རྒྱལ་པོའི་ཕོ་བྲང་འཁོར




iiif viewer powered by OpenSeadragon

29b - 30b

Texts on this page

F540 - 'phags pa tshogs kyi bdag po'i snying po