| e-texts navigator |
| Wylie |
21a1 ཟོས་སོ།། ཁྱིམ་བདག་གཞན་ཡང་ཉོན་ཅིག། ཀུན་ནས་བསྐལ་པ་མཐུན་པ་ཡི། འཁོར་རྣམས་གང་ཞིག་འདོད་པ་དེས། དཀྱིལ
21a2 འཁོར་བརྒྱད་ནི་བྲི་བར་བྱ། གང་ཞིག་བརྒྱ་བྱིན་ཉིད་དང་ནི། ཚངས་པའི་འཇིག་རྟེན་བདག་པོ་དང་། ལྷ་མི་རྒྱལ་པོའི་རྒྱལ་སྲིད་དང་། བློ་ལྡན་སྣ་ཚོགས་གཟུགས་བཟང་འདོད
21a3 རྟག་ཏུ་དཀྱིལ་འཁོར་མཆོག་བརྒྱད་བྱ། སེང་གེའི་རྒྱལ་པོ་བཀོད་པ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བའི་དེ་གཞན་ཞིག་ཡིན་སྙམ་དུ
21a4 འཛིན་ན་དེ་དེ་ལྟར་མི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ་དུས་ན། དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བར་གྱུར་ཏོ།། སེང་གེའི་རྒྱལ་པོ་བཀོད་པ
21a5 དེའི་ཚེ་དེའི་དུས་ན་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བྱིན་པ་ཞེས་བྱ་བ་སྟེ་གཞན་ཞིག་ཡིན་སྙམ་དུ་སོམ་ཉིད་འམ་ཡིད་གཉིས་ཟ་ན་དེ་ལྟར་མི་ལྟའོ།། ང་ཉིད་དེའི་ཚེ་དེའི་དུས་ན།།
21a6 དྲག་ཤུལ་ན་ཅན་གྱིས་བྱིན་པ་ཞེས་བྱ་བའི་ཁྱིམ་བདག་དུ་གྱུར་ཏོ།། ངས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པའི་བར་དང་། སངས་རྒྱས་ཉིད་ཐོབ་ཀྱི་བར་དང་།
21a7 སངས་རྒྱས་ཉིད་ཐོབ་ཀྱི་བར་དུ་ཚེ་རབས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དེ་དང་དེ་དག་ཏུ་ཆོས་འདི་ཀུན་དུ་བསྟེན་ཏོ།། བསྒོམས་སོ།། མྱ་ངན་དུ་བྱས་སོ། རིགས་ཀྱི་བུ་གང་གི
21a8 ན་ངའི་འཁོར་གྱི་དཀྱིལ་འཁོར་བཀོད་པ་འདི་འདྲ་བར་གྱུར་པའི་རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ