e-texts navigator
Collection
Volume
Page
Wylie

19b1 པ་ཞེས་བྱ་བར་འདུས་པར་གྱུར་ནས་འདུག་པ་དེས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་མཐོང་ནས་ལྟད་མོར་གྱུར་ཏེ་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།
19b2 པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
19b3 བཅོམ་ལྡན་འདས་བདག་གིས་སངས་རྒྱས་བྱུང་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཞིག་འདས་ན་གང་གིས་འཁོར་གྱི་དཀྱིལ་འཁོར་ཡང་བཅོམ་ལྡན་འདས་ཅི་འདྲ་བ་དེ་འདྲ
19b4 བར་མ་གྱུར་ལགས་སོ།། བཅོམ་ལྡན་འདས་བདག་གིས་ཞུ་བ་བསྟན་པ་འདིའི་ལན་སྲུལ་ཏུ་གསོལ། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཐོས་ན་ཡང་དབུགས་བྱིན
19b5 པར་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གཟེངས་བསྟོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་བཀོད་པ་ལ
19b6 འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཉོན་ཅིག་དང་། དྲིས་པ་ལན་གདབ་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡོད་དེ། གང་ངས་སྔོན་སོ
19b7 སོ་སྐྱེ་བོའི་དུས་ན། བསྟེན་ཅིང་ཀུན་ཏུ་བསྒོམས་ཏེ། ལན་མང་དུ་བྱས་པ་དེ་བསྟན་པར་བྱའོ།། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ
19b8 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། དེའི་དུས་ན་དྲག་ཤུལ




iiif viewer powered by OpenSeadragon

19a - 20a

Texts on this page

F538 - 'phags pa dkyil 'khor brgyad pa ces bya ba'i chos kyi rnam grangs theg pa chen po'i mdo