| e-texts navigator |
| Wylie |
19a1 ལ་ལ་ཞིག་གིས། དཀྱིལ་འཁོར་གྱི་མདུན་དུ་ལན་གཅིག་བརྗོད་ན། དེའི་དོན་ཐམས་ཅད་འགྲུབ་པར
19a2 འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
19a3 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀྱིལ་འཁོར་བརྒྱད་པ
19a4 ཞེས་བྱ་བའི་གཟུངས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་ཨཱཥྚ་མཎྜ་དྷརྨ་བརྱ་ན་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀྱིལ་འཁོར་བརྒྱད་པ
19a5 ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།
19a6 བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་པོ་བརྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ
19a7 འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ
19a8 ཆེན་པོ་དང་། མི་དང་མི་མ་ཡིན་པ་དུ་མས་ཡོངས་སུ་བསྐོར་ཏེ། འདུན་གྱིས་ལྟས་པ་དང་། ཆོས་སྟོན་ཏོ།། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་བཀོད