e-texts navigator
Collection
Volume
Page
Wylie

18b1 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ། དཀྱིལ་འཁོར་བརྒྱད་བགྱིད་པར་འཚལ་ན་དེས་ཇི་ལྟར་བགྱི།
18b2 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཤིན་དུ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། དུས་གསུམ་དུ་སྐྱེ་བའི་སེམས་ཅན་རྣམས་ཀྱི་མཚུངས
18b3 བ་མེད་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར། རིགས་ཀྱི་བུ་ཁྱོད་ཀྱི་སྤོབས་པ་ནི་བཟང་ཏེ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་དེའི་ཕྱིར་སྙིང་པོ་གང་བརྗོད་པ་ཙམ་གྱིས། མཚམས
18b4 མེད་པ་ལྔ་བྱང་ཞིང་། དངོས་གྲུབ་ཐམས་ཅད་ཀྱང་ཐོབས་པར་གྱུར་པ། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྙིང་པོ་ཉོན་ཅིག། ཨོཾ་ཧུ་འུམ་མ་ཧཱ་བི་རེ་སྭཱ་ཧཱ། སྙིང་པོ་འདིས་ནི
18b5 དབུས་ཀྱི་བཅོམ་ལྡན་འདས་མཆོད་དོ།། ཨོཾ་ཧྲིཿ། ཧུ་འུམ་པད་མ་པྲི་ཡཱ་ཡ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའོ།། ཨོཾ་སྭ་ཧཱ་ར་ན་སྭཱ་ཧཱ། བྱམས
18b6 པའི་སྙིང་པོའོ།། ཨོཾ་ཨཱ་ཁ་གརྦེ་སྭཱ་ཧཱ། ན་མཁའི་སྙིང་པོའི་སྙིང་པོའོ།། ཨོཾ་སཱ་ཧྲི་རྫི་ཡ་སྭཱ་ཧཱ། ཀུན་ཏུ་བཟང་པོའི་སྙིང་པོའོ།། ཨོཾ་ཀུ་རུ་རྦ་ན་ཧཱ་ར་སྭཱ་ཧཱ། ལག་ན་རྡོ་རྗེ
18b7 སྙིང་པོའོ།། ཨོཾ་ཤྲཱི་ཨཱཾ་རཾ་ག་སྭཱ་ཧཱ། འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོའོ།། ཨོཾ་ནི་སཱི་རཾ་བ་སྭཱ་ཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྙིང་པོའོ།། ཨོཾ
18b8 ཀྵི་ཏི་ཧཱ་རཱ་ཛེ་སྭཱ་ཧཱ། སའི་སྙིང་པོའི་སྙིང་པོའོ།། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྙིང་པོ་དེ་བཞིན་གཤེགས་པ་དང་ལྡན་པ་འདི། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང




iiif viewer powered by OpenSeadragon

18a - 19a

Texts on this page

F537 - 'phags pa dkyil 'khor brgyad pa zhes bya ba theg pa chen po'i mdo